དཀྱིལ་འཁོར་བཟོ་བ།

2018-09-25

 

  དཀྱིལ་འཁོར་ནི་བོད་བརྒྱུད་ནང་བསྟན་གྱི་རྩེར་སོན་གྱི་ཆོས་ལུགས་སྒྱུ་རྩལ་ཞིག་ཡིན་པ་དང་དེ་ནི་དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་ནས་བོད་དུ་དར་ནས་ད་ལྟའི་བར་རྒྱུན་འཛིན་བྱས་ཡོད་ཅིང་། དཀྱིལ་འཁོར་བཟོ་སྟངས་སྣ་ཚོགས་ཡོད་པའི་ནང་ལག་པས་འབྲི་བ་དང་། ཟངས་ལས་བཟོ་བ། བྱེ་མས་བཟོ་བ། ཤིང་བརྐོས་རྒྱག་པ་སོགས་ཚུད་ཡོད། དེའི་གྲུབ་ཆ་བརྒྱུད་རིམ་ལྡན་པ་ཞིག་ཡོད་པ་དང་གྲུ་བཞི་དང་གོར་མོ་ལས་གྲུབ་ཅིང་། ཚོས་རྒྱུ་ནི་ཚོན་མདོག་སྣ་ལྔའི་རྡུལ་ཚོན་གྱིས་གཙོ་བོར་བྱེད་པས་རྣམ་པར་བཀྲ་བ་ཞིག་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་རྒྱལ་བྱེད་དགོན་པའི་གྲྭ་པས་ཤིང་བརྐོས་ཀྱི་དཀྱིལ་འཁོར་བཟོ་བའི་གནས་ཚུལ་ཡིན་པ། 

<