ཉི་མའི་ཁྱིམ་རྒྱུད།

2018-10-15

 

   ཉི་མའི་ཁྱིམ་རྒྱུད་ནི་ཉི་མ་ལྟེ་བར་བཟུང་སྟེ་ཉི་མའི་འཐེན་ཤུགས་རེག་མྱོང་བའི་སྐར་མའི་གོ་ལ་ཡོངས་ཀྱི་སྤྱི་གཟུགས་ཤིག་ལ་བྱ། དེར་རྒྱུ་སྐར་ཆེན་པོ་བརྒྱད་མ་ཟད་ད་དུང་འཁོར་སྐར173ལྷག་དང་། ངོས་ཟིན་པའི་བརྟན་སྐར་ཆུང་བ་ལྔ་དང་བགྲང་གིས་མི་ལངས་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་ཆུང་བ་མང་པོས་གྲུབ་ཡོད། 

  ངོ་སྤྲོད།

  ཉི་མའི་ཁྱིམ་རྒྱུད་ནི་ཉི་མ་ལྟེ་བར་བཟུང་སྟེ་ཉི་མའི་འཐེན་ཤུགས་རེག་མྱོང་བའི་སྐར་མའི་གོ་ལ་ཡོངས་ཀྱི་སྤྱི་གཟུགས་ཤིག་ལ་བྱ། དེར་རྒྱུ་སྐར་ཆེན་པོ་བརྒྱད(ཉི་མ་དང་ཉེ་བ་ནས་རིང་བའི་བར་རིམ་བཞིན་བགར་ཏེ།  སྐར་མ་ལྷག་པ་དང་། སྐར་མ་པ་སངས། སའི་གོ་ལ། སྐར་མ་མིག་དམར། སྐར་མ་ཕུར་བུ། སྐར་མ་སྤེན་པ། སྐར་མ་གནམ་རྒྱལ། སྐར་མ་མཚོ་རྒྱལ། )མ་ཟད་ད་དུང་འཁོར་སྐར173ལྷག་དང་། ངོས་ཟིན་པའི་བརྟན་སྐར་ཆུང་བ་ལྔ་དང་བགྲང་གིས་མི་ལངས་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་ཆུང་བ་མང་པོས་གྲུབ་ཡོད།

  ཉི་མའི་ཁྱིམ་རྒྱུད་ནི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་ཞིང་། དགུ་ཚིགས་ཁྱིམ་རྒྱུད་ནི་ཟླུམ་འཁོར་རང་བཞིན་གྱི་སྐར་མའི་ཁྱིམ་རྒྱུད་ཅིག་ཡིན། ཚངས་ཐིག་ལ་འོད་ལོ་ཁྲི་བཅུ་ལྷག་ཡོད་པ་དང་། དེའི་ཁྲོད་བརྟན་སྐར་དུང་ཕྱུར་སྟོང་ཕྲག་གཉིས་ལྷག་འདུ། ཉི་མ་ནི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་དཔེར་མཚོན་རང་བཞིན་གྱི་བརྟན་སྐར་ཡིན་ལ། དགུ་ཚིགས་ཁྱིམ་རྒྱུད་ཀྱི་ལྟེ་བར་འོད་ལོ་ཁྲི2.61ཡོད། ཉི་མའི་ཁྱིམ་རྒྱུད་ཀྱི་སྤོ་འགུལ་མྱུར་ཚད་ནི་ཕལ་ཆེར220㎞/s ཙམ་ཡིན། ལོ་ངོ་དུང་ཕྱུར2.26ལ་བསྐོར་བ་ལན་རེ་བྱེད།

  ཉི་མའི་ཁྱིམ་རྒྱུད་ཁྲོད་ཀྱི་རྒྱུ་སྐར་ཆེ་བ་བརྒྱད་པོ་ཚང་མ་ཕལ་ཆེར་ངོས་གཅིག་གི་རྒྱུ་སྐར་འཁོར་ལམ་ན་འཁོར་བཞིན་ཡོད་ལ། ཁ་ཕྱོགས་གཅིག་དེད་ནས་ཉི་མ་ལ་སྤྱི་འཁོར་བྱེད་བཞིན་ཡོད། སྐར་མ་པ་སངས་ལས་གཞན་རྒྱུ་སྐར་ཚང་མའི་རང་འཁོར་ཁ་ཕྱོགས་དང་སྤྱི་འཁོར་ཁ་ཕྱོགས་འདྲ་བོ་ཡིན། སྐར་མ་དུ་བ་མཇུག་རིང་གི་ཉི་མར་འཁོར་བའི་སྤྱི་འཁོར་ཁ་ཕྱོགས་ཕལ་ཆེར་འདྲ་ལ། མང་ཤས་ཟླུམ་གཟུགས་འཁོར་ལམ་ན་འཁོར་བཞིན་ཡོད། སྤྱིར་བཏང་གི་སྤྱི་འཁོར་དུས་ཡུན་ཅུང་རིང་།

  ཉི་མའི་འཁོར་ལམ་གྱི་སྐར་མའི་གོ་ལ་རིགས་གསུམ་དུ་དབྱེ་ཆོག་སྟེ། རྒྱུ་སྐར་དང་བརྟན་སྐར་ཆུང་བ། ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་ཆུང་བ་བཅས་སོ། །རྒྱུ་སྐར་ནི་ཉི་མ་ལ་འཁོར་ཞིང་སྤུས་ཚད་ཆེས་ཆེ་བའི་སྐར་མའི་གོ་ལ་དེ་ཡིན།

  སྐར་མའི་གོ་ལ་འདིའི་རིགས་ལ་གཅིག་ནས་སྤུས་ཚད་འདང་ཚད་ཅིག་གིས་རང་ངོས་ཀྱི་རྣམ་པ་གོ་ལར་བསྒྱུར་བ་དང་། གཉིས་ནས་ཉེ་འཁོར་གྱི་འཁོར་ལམ་ན་ཡོད་པའི་གོ་ལ་ཆུང་བ་དག་མེད་བར་བཟོ་ནུས།

  དཔྱད་གཞིའི་ཡིག་ཆ།

<