ཐང་སྐུ།

2018-11-01

 

   རས་གཞི་འཇམ་པོས་བཟོས་པའི་ཐོག་ལ་བྲིས་པའི་སྐུ་ལ་ཐང་སྐུ་ཟེར།

  ​ངོ་སྤྲོད། 

  རས་གཞི་འཇམ་པོས་བཟོས་པའི་ཐོག་ལ་བྲིས་པའི་སྐུ་ལ་ཐང་སྐུ་ཟེར་བ་དང་། ཚོས་གཞི་ལ་བརྟེན་ནས་གསེར་ཐང་དང་། དངུལ་ཐང་། ནག་ཐང་། མཚལ་ཐང་། ཚོན་ཐང་། སྐྱ་ཐང་སོགས་ཡོད་ལ། བོད་ལ་རི་མོའི་སྒྱུ་རྩལ་ཐད་ལག་རྒྱུན་མི་འདྲ་བ་ཡང་མང་པོ་ཡོད་པས། སྔ་ཐོག་བལ་བྲིས་སོགས་རིགས་མང་པོ་ཡོད། དཔེར་ན། གུ་གེ་ལྡེབས་བྲིས་དང་ཞྭ་ལུའི་ལྡེབས་བྲིས། སྨན་བྲིས། མཁྱེན་བྲིས། སྒྲ་བྲིས། འབྲི་བྲིས། དངོས་བྲིས། གྲ་ཐང་ལྡེབས་བྲིས་སོགས་ལྟ་བུ། ཕྱིས་སུ་བོད་ཀྱི་རི་མོའི་སྒྱུ་རྩལ་ཐད་ཐིག་ཚད་སོགས་དར་སྤེལ་གྱིས་སྔར་ལས་འཐུས་ཚང་དང་རང་ཚུགས་ཐུབ་པར་སྤེལ་ཡོད།

  དཔྱད་གཞིའི་ཡིག་ཆ།

  1  ར་སེ་དཀོན་མཆོག་རྒྱ་མཚོས་རྩོམ་སྒྲིག་བྱས་པའི 《ཆོས་ལུགས་ཀྱི་རྒྱུན་སྤྱོད་ཤེས་བྱ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ2015ལོའི་ཟླ3པའི་པར་གཞི་དང་པོ། ཤོག་གྲངས64ན་གསལ། 

  2  ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1986-10པའི་པར་ཐེངས་གཉིས་པ། 

<