ཞལ་ཁེབས།

2018-11-27

 

   ཞལ་ཁེབས་དེ་ནི་གསུང་རབ་ཀྱི་དབུ་ཤོག་ནང་མར་ཡོད་པ་ཞིག་ཡིན། ཆེས་ཐོག་མའི་ཞལ་ཁེབས་ནི་ཤོག་བུས་དོད་བྱས་པ་ཞིག་ཡིན།

  ངོ་སྤྲོད།     

  ཞལ་ཁེབས་དེ་ནི་གསུང་རབ་ཀྱི་དབུ་ཤོག་ནང་མར་ཡོད་པ་ཞིག་ཡིན། ཆེས་ཐོག་མའི་ཞལ་ཁེབས་ནི་ཤོག་བུས་དོད་བྱས་པ་ཞིག་ཡིན།

    བྱེད་ནུས།

  དེའི་བྱེད་ནུས་ནི་གཙོ་བོ་གསུང་རབ་དེའི་དབུ་ཤོག་ནང་མའི་སྟེང་དུ་གསེར་དངུལ་གྱི་ཁུ་བས་བྲིས་པའི་དཔེ་མིང་འབུར་བྲིས་དང་དེའི་གཡས་གཡོན་དུ་གསུང་རབ་དེའི་ནང་དོན་དང་འབྲེལ་བའི་དབུ་ཞབས་ལྷ་སྐུ་འབུར་མ་སོགས་ལ་གེགས་སྲུང་དང་ཟོན་སྐྱོར་ཡོང་བའི་ཆེད་དུ་ཆེད་མངགས་བསྒྲོན་པ་ཞིག་ཡིན། དེ་རྗེས་རིམ་གྱིས་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་གསུང་རབ་ཀྱི་ཞལ་ཁེབས་དེ་ཡང་རིམ་པ་བཞིན་གྲ་རྒྱས་སུ་ཕྱིན་ཡོད་པ་སྟེ། སྤྱི་ལོ1683ལོ་སྟེ་ཆུ་ཕག་ལོར་ཤར་འོལ་དགའ་སྟག་རྩེར་བཞེངས་པའི་བཀའ་འགྱུར་གྱི་ཞལ་ཁེབས་ལྔ་བརྩེགས་ཀྱི་སྟེང་མ་བྱིངས་ཆེ་དིང་ཕོན་ཚོན་ཚོགས་མ་དང་ཁ་འོྲོས་ཐོར་བུ་ཧོར་གཞི་དམར། དེ་འོག་རིམ་བཞིན་བཟང་གོས་སྔོ་སྐྱ་དམར་བཅས། ལྔ་པ་བཞི་པའི་ནང་ཤ་ལ་བྱང་དར་དམར་པོ། དབུ་གཉིས་པ་གསེར་རྐྱང་གར་འདྲོངས། ཞལ་ཁེབས་གསུམ་བརྩེགས་ཀྱི་སྟེང་ནས་རིམ་པས་སྟག་ཤུན་གསེར་ཚོན་རྒྱ་བྱ་རིས་ནང་ཤ་ལིང་ལྗང་། ལིང་སྐྱེར། ལིང་དམར། སྤྱི་ལོ1684ལོ་སྟེ་ཤིང་བྱི་ལོར་ཡར་གསུམ་ལྷུན་པོ་རྩེའི་ཉེ་འདབས་བཟད་མཐོང་སྨོན་གཞི་ཀར་བཀའ་འགྱུར་བཞེངས་པའི་ཞལ་ཁེབས་བཞི་བརྩེགས་ཀྱི་སྟེང་མའི་གྲས། དབུ་དང་པོ་བཅུ་གསུམ་གྱིས་གཙོས་བཅུ་བདུན་ལ་དིང་ཕོན་གཞི་ལུ་ཚོན་ཁྲ་གསེར་གྱི་སྤོས་རྒྱ་རིས་གི་ཇི་དང་མེ་ཏོག་བཞི་བཅུ་ཞེ་གཅིག་ལ་ཁ་ཐི་དམར་ཚོན་ཁྲ་སྒོ་ཁྱིམ་པདྨ་ལྕགས་སྒྲོག་མ་གི་ཇི་འབྲུག་བདུན་གྱི་རི་མོ་གསེར་ཚོན་ཅན་། སུམ་ཅུ་སོ་བརྒྱད་ལ་ཁ་ཐི་གཞི་དམར་གསེར་མེད་སྒོ་ཁྱིམ་ལྕགས་སྒྲོག་མེ་ཏོག་མ། བཅོ་བརྒྱད་ལ་ཁ་ཐི་གཞི་དམར་གསེར་ཚོན་རི་མོ་ཅན་རྣམས་དང་། ཞལ་ཁེབས་གཉིས་པ་ནས་རིམ་པས་བཟང་གོས་སྔོ་སྐྱེར་དམར་བཅས་འཇམ་སང་། ནང་ཤ་ལིང་སྐྱེར་ཁས་བྱས་པ་ཞེ་མཚུངས། སྤྱི་ལོ1685ལོ་སྟེ་ཤིང་གླང་ཤར་འོལ་དགའ་སྟག་རྩེར་བཀའ་འགྱུར་བཞེངས་པའི་ཞལ་ཁེབས་བཞི་བརྩེགས་ཀྱི་སྟེང་གྲས། དབུ་དང་པོ་དྲུག་ལ་དིང་ཕོན་གཞི་ལུ་གསེར་ཚོན། དེ་འཕྲོས་བདུནཔ་ལ་ཁ་ཐི་གཞི་དམར་གསེར་མེད་ཆ་བདུན་པདྨ་རིས། བྱིངས་བརྒྱ་དང་གཅིག་ལ་ཁ་ཐི་གཞི་དམར་གསེར་ཡོད་ཆ་བདུན་རས། རིམ་པས་གོས་སྔོ་སྐྱེར་དམར་གསུམ་འཇམ་སང་གི་ནང་ཤ་བྱང་དར་དམར་པོ་བྱས་པ། ན་བཟའ་གོས་དམར་ཁ་བཞི་བསྒྲིགས་མཆོད་དམར། སྤྱི་ལོ1689ལོ་སྟེ་ས་སྦྲེལ་འཕྱོངས་རྒྱས་འཕྱིང་བར་སྟག་རྩེར་བཀའ་འགྱུར་བཞེངས་པར་ཞལ་ཁེབས་བཞི་བརྩེགས་ཀྱི་སྟེང་ནས་རིམ་པས་ཧོར་ཇུས་གཞི་ལུ། བཟང་གོས་དམར་གསེར་སྔོ་གསུམ་གྱི་འཇམ་སང་གི་སྔོན་པོར་ལིང་ཟི་ཧུན་གྱི་ནང་ལྡན། སྒྲོག་འཁྱུད་པགས་བསེ། དབུ་གཉིས་པ་གར་འའདྲོངས་དང་ན་བཟའ་གོས་སྔོན་ཁ་བཞི་བསྒྲིགས། སྤྱི་ལོ1682ལོ་སྟེ་ཆུ་ཁྱི་ལོར་ཚ་བ་མཛོ་སྒང་དུ་བཀའ་འགྱུར་བཞེངས་པར་ཞལ་ཁེབས་གསུམ་བརྩེགས་ཀྱི་སྟེང་ནས་རིམ་པས་ཁ་ཐི་རྙིང་མ་གསེར་ཚོན་པ། ལིང་སྔོ་སྐྱ། དར་ལྗང་། དེ་བྱིངས་པོ་ཏི་རྣམས་ཀྱི་ཞལ་ཁེབས་གཉིས་བརྩེགས་ཀྱི་སྟེང་མ་ཁ་ཐི་གཞི་དམར་གསེར་ཚོན་མ། དར་སྔོན། སྟོང་སྐུད་སྔོ་དམར་གྱི་མཐའ་བཅད་མུ་ཏིག་ཚེམས་དང་ཆུ་ཕག་ལོར་ཤེལ་དཀར་མི་འགྱུར་རྡོ་རྗེའི་རྫོང་དུ་བཀའ་འགྱུར་བཞེངས་པར་ཞལ་ཁེབས་གསུམ་བརྩེགས་ཀྱི་སྟེང་ནས་རིམ་བཞིན་དིང་ཕོན་གཞི་དམར་གསེར་མེད། ལིང་སྐྱེར། བྱང་དར་སྔོན་པོ།  སྤྱི་ལོ1684ལོ་སྟེ་ཤིང་ཁྱི་ལོར་ཤོ་མདོར་བཀའ་འགྱུར་བཞེངས་པའི་ཞལ་ཁེབས་གསུམ་བརྩེགས་ཀྱི་སྟེང་ནས་རིམ་པས་ཁ་ཐི་གཞི་དམར་གསེར་མེད། གོས་སྔོན་འཇམ་སང་། ལིང་ལྗང་། སྟོང་སྐུ་སྔོ་དམར་དཀར་གསུམ་མཐའ་བཅད་པ་སོགས་ལས་རང་ཉིད་ཀྱི་འཁོས་འབྱོར་ལ་གཞིགས་པའི་རབ་འབྲིང་ཐ་གསུམ་གྱི་ཞལ་ཁེབས་དང་དཔེ་རས་བསྒྲོན་སྲོལ་ཡོད།

<