མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ།

2018-11-27

 

   མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ་ཞེས་པའི་རྩོམ་འདི་ནི་ཡང་ཧྲི་ཅེ་དང་ལུའུ་ཏཱ་ཡུའུ་ཡིས་བརྩམས་ཤིང་། དུས་རབས20པའི་ལོ་རབས50པའི་མཇུག་ཏུ་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་ཞིག་ཡིན། རྩོམ་འདིར་སའི་གོ་ལ་ནི་མིའི་འགྲོ་བའི་རྟེན་གཞི་སྟེ། རང་རེའི་འཚོ་བར་སའི་གོ་ལར་ཉིན་གཅིག་ཀྱང་འབྲལ་མི་རུང་བ་དང་། དེ་ནི་ཉི་མའི་རྩ་ལག་ཁྲོད་ཀྱི་གཟའ་སྐར་རྡོག་པོ་གཅིག་ཙམ་དུ་ཟད་པ་ཡིན་པས། དེའི་བྱེད་ནུས་དང་དབྱིབས་གཟུགས། དེ་དང་རྒྱུ་སྐར་གཞན་བར་གྱི་འབྲེལ་བ་སོགས་སའི་གོ་ལའི་རྒྱུན་ཤེས་མང་པོ་ཞིག་ངོ་སྤྲོད་གནང་འདུག

  རྩོམ་དངོས། 

  སའི་གོ་ལ་ནི་མིའི་འགྲོ་བའི་རྟེན་གཞི་སྟེ། རང་རེའི་འཚོ་བར་སའི་གོ་ལ་རང་ཉིན་གཅིག་ཀྱང་འབྲལ་མི་རུང་བ་ནི་སུས་ཀྱང་ཤེས་ལ། འོན་ཀྱང་འཇིག་རྟེན་ཁམས་ཡོངས་རྫོགས་ལ་ཆ་མཚོན་ན། སའི་གོ་ལ་ནི་ཉི་མའི་རྩ་ལག་ཁྲོད་ཀྱི་གཟའ་སྐར་རྡོག་པོ་གཅིག་ཙམ་དུ་ཟད་པ་རེད། དེའི་ཕྱིར་མིའི་སྐྱེ་འགྲོ་ནི་གཟའ་སྐར་སྟེང་དུ་གནས་པ་ཡིན་ཞེས་ཀྱང་བཤད་འོས་པ་རེད།

 

  རང་རེས་ཉི་མ་རྩོམ་གཞི་བྱས་ནས་དེའི་ཕྱི་རོལ་ཏུ་བགྲོད་པའི་དབང་དུ་བཏང་ན་ལམ་ཁར་ཐོག་མར་འཕྲད་པ་ནི་ལྷག་པ་དང་། དེ་ནས་པ་སངས་དང་འཕྲད། དེ་ནས་ཕྱི་རོལ་ཏུ་ཐལ་བ་ན་སའི་གོ་ལ་དང་འཕྲད་པ་རེད། ཉི་མའི་རྩ་ལག་གི་ཁྲོད་དུ། སའི་གོ་ལ་ནི་ཆེ་ཆུང་རན་པའི་གཟའ་སྐར་འབྲིང་བོ་ཞིག་ཡིན། དེས་བགྲོད་པ་ཤིན་ཏུ་མྱུར་བའི་སྒོ་ནས་ཉི་མ་ལ་སྐོར་བ་བྱེད་པ་རེད། འོན་ཀྱང་སའི་གོ་ལ་དང་ཉི་མའི་བར་ཐག་ཆ་མི་སྙོམས་ལ། གལ་ཏེ་ཆ་སྙོམས་ཀྱི་དབང་དུ་བཏང་ན་དེ་གཉིས་ཀྱི་བར་ཐག་ལ་སྤྱི་ལེ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དགུ་འབུམ་ལྔ་ཡོད་པ་རེད། སྐར་རྩིས་རིག་པར་རྣམ་ཀུན་ཏུ་སའི་གོ་ལ་དང་ཉི་མའི་བར་ཐག་གི་རྩི་གཞི་འདི་བཀོལ་ཏེ། བར་ཐག་ཅི་ཡོད་མཚོན་པར་བྱེད་པས་ན་དེ་ལ་སྐར་རྩིས་ཀྱི་རྩི་གཞི་ཞེས་བྱ་ཞིང་། དཔེར་ན་རང་རེས་ཁྲི་ཙི་རྩི་གཞི་བྱས་པའི་སྒོ་ནས་རས་ཡུག་འཇལ་བ་དང་མཚུངས་པ་རེད། དེའི་ཕྱིར་དེའི་གྲངས་ཚད་ནི་སྐར་རྩིས་རིག་པར་ཤིན་ཏུ་མཁོ་ཆེ་བ་ཞིག་རེད། རང་རེའི་སའི་གོ་ལའི་མིང་གི་སྟེང་ནས་ཀྱང་དེའི་དབྱིབས་ནི་ཟླུམ་པོའམ་གོང་བུ་ཞིག་ཡིན་པ་རྟོགས་ཐུབ་ལ། དེ་ནི་ནོར་བ་མེད་པ་སྟེ། རང་རེའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མནོ་བསམ་ཞིག་བཏང་ན་ཡང་ཤེས་ཐུབ་པ་རེད། དཔེར་ན་རྒྱང་རིང་བོ་ནས་འོངས་པའི་གྲུ་གཟིངས་མཚོ་འགྲམ་ནས་བལྟས་ཚེ། ཐོག་མར་མཚོ་ཆུ་ངོས་མཉམ་པོ་ནས་གྲུའི་སྟེང་གི་བ་དན་གྱི་སྲོག་ཤིང་ངམ་དུ་བ་ཐོན་པ་མཐོང་ལ། དེ་ནས་གྲུའི་གཟུགས་མཐོང་སྟེ། དེས་ནི་སའི་ངོས་མཉམ་པོ་མིན་པར་མི་མཉམ་པ་ཡིན་པའི་བདེན་དཔང་ཕེར་བ་རེད། གཞན་ཡང་སའི་གོ་ལའི་དབྱིབས་གོང་བུ་ཡིན་པ་ལ་བདེན་དཔང་ཕེར་བའི་བྱེད་ཐབས་གཅིག་ནི། ཟླ་འཛིན་གྱི་དུས་སུ། སའི་གོ་ལའི་གྲིབ་མ་ཟླ་བ་ལ་ཕོག་སྐབས། རང་རེས་སའི་གོ་ལའི་གྲིབ་མའི་མཐའ་ནི་ཟླུམ་པོ་ལས་དྲང་ཐད་མིན་པ་མཐོང་ཐུབ་པ་རེད། དེ་བས་ན་ང་ཚོས་སའི་གོ་ལ་ནི་ཟླུམ་པོ་ལས་དྲང་ཐད་མིན་པ་མཐོང་ཐུབ་པ་རེད། དེ་བས་ན་ང་ཚོས་སའི་གོ་ལ་ནི་ཟླུམ་པོ་ཡིན་པར་ཡིད་ཆེས་པ་རེད། དེ་ལྟ་ན་ཡང་ཧ་ཅང་ཕྲ་ཞིབ་ཀྱི་སྒོས་ཚད་འཇལ་བྱས་པར་བརྟེན། ཚན་རིག་པ་རྣམས་ནས་སའི་གོ་ལ་ནི་ཧ་ལམ་ཟླུམ་པོ་ཡིན་པར་གསར་རྙེད་བྱུང་བ་རེད། འོན་ཀྱང་ཟླུམ་པོ་མཚན་ཉིད་པ་ཞིག་མིན་གྱི། ཅུང་ཟད་འཇོང་མོ་ཞིག་ཡིན་པ་རེད།

 

  མི་ལ་ལས་སའི་གོ་ལ་ཟླུམ་པོར་ངེས་པ་ན། འདི་འདྲའི་དོགས་པ་ཞིག་རྟག་པར་འཆར་ཏེ། རང་རེ་མི་རྣམས་སྡོད་པའི་གནས་གཞི་འདི་ལ། འགའ་རེ་སའི་གོ་ལའི་སྟེང་ངོས་དང་། འགའ་རེ་ཟུར་ལོགས་དང་། འགའ་རེ་འོག་ཕྱོགས་སུ་སྡོད་ན། འོག་ཕྱོགས་སམ་ཟུར་ལོགས་ན་ཡོད་པའི་མི་དང་དངོས་རྫས་རྣམས་ནི་ཅིའི་ཕྱིར་སའི་གོ་ལ་དང་ཁ་འབྲལ་བར་མི་འགྱུར་ཞིང་འོག་ཏུ་ལྷུང་བར་ཡང་མི་འགྱུར་རམ་ཞེ་ན། དེ་ནི་སའི་གོ་ལར་འདྲེན་ཤུགས་ཡོད་པའི་རྒྱུ་མཚན་གྱིས་ཡིན། དཔེར་ན་ལྕགས་ཁབ་ལེན་གྱིས་ལྕགས་ཁབ་བརྔུབས་ནས་འདྲེན་པ་དང་མཚུངས་པར་དངོས་རྫས་གང་ཡིན་ཡང་དམ་པོར་འཛིན་པ་རེད། དེའི་ཕྱིར་རང་རེས་མཆོངས་ལྡིང་གཅིག་བྱས་པ་ཙམ་གྱིས་སའི་གོ་ལ་དང་ཁ་ཕྲལ་སོང་སྙམ་ཡང་། མཐར་སྔར་གྱི་གཞི་དེ་ཉིད་དུ་འབབ་པ་ལས་འོས་ཅི་ཡོད། དོན་དུ་ན། སྟེང་དང་འོག་ནི་ཕན་ཚུན་ཁ་གཏད་ཡིན་ཞིང་། རང་རེས་ནམ་ཡིན་ཡང་རྐང་བའི་འོག་ངོས་ནི་འོག་ཕྱོགས་ཡིན་པར་སེམས་ལ། གལ་ཏེ་སའི་གོ་ལར་འདྲེན་ཤུགས་མེད་པར་གྱུར་ན། གང་ཞིག་ནི་སྟེང་ཕྱོགས་དང་གང་ཞིག་ནི་འོག་ཕྱོགས་ཡིན་པ་ཉིད་འབྱེད་མི་ཐུབ་པར་འགྱུར་བ་རེད།སའི་གོ་ལའི་ཁོར་ཡུག་ཏུ་ཧ་ཅང་མཐུག་པའི་མཁའ་རླུང་གིས་བཏུམས་ཏེ་ཡོད་ལ། དེ་ནི་རང་རེའི་འཚོ་བར་འབྲེལ་བ་ཧ་ཅང་ཆེ་བ་རེད། མཁའ་རླུང་གིས་རང་རེ་ལ་དབུགས་འབྱིན་རྔུབ་ཀྱི་མཁོ་གལ་དང་། ཆར་དང་ཁ་བ་འབབ་བར་བྱེད་པ་ལས་གཞན། ད་དུང་སའི་གོ་ལར་གོས་ཀྱིས་གཡོགས་པ་དང་འདྲ་བར་ནུས་པ་གང་ཡོད་སྲུང་ཞིང་སྐྱོབ་པར་བྱེད་པ་རེད། དེ་ཡང་ཐོག་མར། མཁའ་རླུང་གིས་ས་ངོས་ཀྱི་ཚ་ཚད་མྱུར་འཕེལ་ཆེ་བའམ་བསིལ་བུར་འགྲོ་བ་སྲུང་འཛིན་བྱེད་པ་དང་། ཉིན་མོ་དང་མཚན་མོར་དྲོད་ཚད་ཀྱི་འགྱུར་ལྡོག་ལྷོད་པོར་གཏོང་བ་རེད། དེའི་འོག་ཏུ། སྐར་མདའི་གནོད་པ་འགོག་པར་བྱེད་དེ། སྐར་མདའ་ནི་སའི་གོ་ལའི་ཕྱི་རོལ་ནས་རྒྱུགས་པའི་རྡོའི་དུམ་བུ་ཡིན་སྟབས། དེའི་རྒྱུགས་ཚད་ཧ་ཅང་མྱུར་བས། མཁའ་རླུང་བརྟོལ་ནས་འོངས་དུས་ཕན་ཚུན་གཙུབ་པའི་རེག་བྱ་ཤུགས་ཆེ་ཞིང་། ཚ་ཚད་ཆེས་ཆེ་བ་བསྐྱེད་པར་བརྟེན་སྐར་མདའ་བསྲེགས་ནས་སའི་གོ་ལའི་སྟེང་དུ་འབབ་དཀའ་བ་ཡིན།

  སའི་གོ་ལ་ནི་ནམ་ཡིན་ཡང་འགུལ་སྐྱོད་བྱེད་དེ། དེ་ནི་ཕྱོགས་གཅིག་ནས་རང་གི་སྲོག་ཤིང་ལ་བརྟེན་པའི་ཚུལ་གྱིས་རང་འཁོར་བྱེད་ཅིང་། ཕྱོགས་གཅིག་ནས་ད་དུང་ཉི་མ་ལ་བལྟོས་ནས་སྤྱི་འཁོར་བྱེད་པ་རེད། སའི་གོ་ལའི་རང་འཁོར་གྱིས་ཉིན་མཚན་གྱི་འགྱུར་ལྡོག་བསྐྱེད་དེ། རང་འཁོར་ཚར་གཅིག་ནི་ཉིན་ཞག་གཅིག་ཡིན། དེའི་ཕྱིར་སའི་གོ་ལའི་རང་འཁོར་གྱི་འཁོར་ཕྱོགས་ནི་ནུབ་ནས་ཤར་དུ་འགྲོ་བས་རང་རེས་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་ཤར་ནས་འཆར་ཞིང་། མཐར་ནུབ་ཏུ་ནུབ་པ་མཐོང་བ་རེད། སའི་གོ་ལའི་རང་འཁོར་ནི་ཧ་ཅང་ངེས་སྲོལ་ཅན་ཏེ། མགྱོགས་པར་མི་འགྲོ་དལ་བུར་ཡང་མི་འགྲོ་སྟབས་སྐར་རྩིས་ཁང་ནས་སའི་གོ་ལའི་རང་འཁོར་ལ་བརྟེན་ནས་དུས་ཚོད་གཏན་ཁེལ་དང་ཐོད་གཏུགས་པ་རེད། སའི་གོ་ལས་ཉི་མ་ལ་སྐོར་བ་བྱེད་པའི་སྤྱི་འཁོར་གྱི་བགྲོད་པ་གཅིག་གི་དུས་ཚོད་ཀྱང་ངེས་པ་ཅན་ཞིག་སྟེ། དེར་ཉིན་ཞག་སུམ་བརྒྱ་རེ་ལྔ་ལྷག་བཅས་དགོས་པ་རེད། དེའི་ཡུན་ལ་རང་རེས་ལོ་གཅིག་ཅེས་མིང་དུ་བཏགས་པ་ཡིན། འོན་ཀྱང་སྤྱིར་བཏང་ལ་རྩི་བདེ་ཆེད་དུས་རྒྱུན་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་ཉིད་དུ་བརྩིས་ན། ལྷག་འཕྲོ་རྣམས་བསགས་ཏེ་ཉིན་ཞག་གཅིག་ལོངས་པའི་དུས་སུ། ལོ་དེར་ཉིན་ཞག་ལྷག་པ་གཅིག་བསྣན་ནས། རི་ཐུ་ནང་གི་ཟླ་བ་གཉིས་པ་ལ། སྐབས་འགར་ཉིན་ཞག་ཉེར་བརྒྱད་དང་། སྐབས་འགར་ཉིན་ཞག་ཉེར་དགུ་འབྱུང་སྟེ། དེ་ནི་རྒྱུ་མཚན་འདི་ལ་ཐུག་པ་རེད།

  རང་རེས་ཤེས་གསལ་ལྟར་ན། སའི་གོ་ལ་དང་ཉི་མའི་བར་ཐག་རེས་འགར་ཉེ་ཞིང་རེས་འགར་རིང་ལ། འོན་ཀྱང་སའི་གོ་ལ་དགུན་དུས་ཉི་མ་དང་བར་ཐག་རིང་ཚེ་ཧ་ཅང་འཁྱག་པ་དང་། དབྱར་དུས་ཉི་མ་དང་བར་ཐག་ཉེ་ཚེ་ཧ་ཅང་ཚ་བ་ཡིན་ནམ་ཞེ་ན། དེ་ལྟ་བུ་ནི་མིན་ཏེ། རང་རེའི་སའི་གོ་ལ་བྱང་མ་ལ་མཚོན་ན། གོང་སྨོས་ཀྱི་ཚུལ་དེ་ལས་གོ་ལྡོག་པར་ཡོད་དེ། སའི་གོ་ལ་ཉི་མ་དང་བར་ཐག་ཉེ་བའི་དུས་དེར། རང་རེའི་ས་འདིར་དགུན་དུས་ཡིན་ཞིང་། སའི་གོ་ལ་ཉི་མ་དང་བར་ཐག་རིང་བའི་དུས་དེར། རང་རེའི་ས་འདིར་དབྱར་དུས་ཡིན། དེའི་ཕྱིར་དུས་བཞི་ཤར་བའི་རྐྱེན་ནི། ཉི་མ་དང་བར་ཐག་ཉེ་རིང་ལས་བྱུང་བ་མིན་གྱི། སའི་གོ་ལ་ཅུང་ཟད་ཡོ་བའི་ཚུལ་གྱིས་རང་འཁོར་བྱེད་པའི་རྒྱུ་མཚན་འདི་ལ་ཐུག་པ་ཡིན། སའི་གོ་ལ་ཅུང་ཟད་ཡོ་བའི་ཚུལ་གྱིས་རང་འཁོར་བྱེད་པ་དེས་སའི་གོ་ལ་ཉི་མ་ལ་སྐོར་བའི་དུས་སུ། སྐབས་འགར་སའི་གོ་ལ་བྱང་མ་ཉི་མ་ལ་ཡོ་བར་ཕྱོགས་ཤིང་། སྐབས་འགར་སའི་གོ་ལ་ལྷོ་མ་ཉི་མ་ལ་ཡོ་བར་ཕྱོགས་ཚེ། ཉི་འོད་རང་རེའི་སའི་གོ་ལ་བྱང་མར་དྲང་ཐད་ཀྱིས་འཕྲོ་བས་ན། སའི་གོ་ལ་བྱང་མར་ཉི་འོད་ཕོག་པ་ཡང་ཤིན་ཏུ་རྣོ་ལ། འོད་ཕོག་པའི་དུས་ཀྱང་རིང་དུ་འགྲོ་བ་ཡིན། དེའི་ཕྱིར་ནམ་ཟླ་ཤིན་ཏུ་ཚ་སྟེ་དེ་ནི་དབྱར་གྱི་དུས་ཡིན། དེ་བཞིན་སའི་གོ་ལ་ལྷོ་མ་ཉི་མ་ལ་ཡོ་བར་ཕྱོགས་ཚེ། ཉི་འོད་སའི་གོ་ལ་ལྷོ་མར་དྲང་ཐད་ཀྱིས་འཕྲོ་བས་ན། སའི་གོ་ལ་ལྷོ་མར་དབྱར་དུས་འབྱུང་བ་རེད། དེར་མ་ཟད་རང་རེའི་སའི་གོ་ལ་བྱང་མར་ཉི་འོད་འཕྲོ་ལ་བཟུར་བའི་ཚུལ་གྱིས་འཕྲོ་བ་དང་། ཉི་འོད་ཀྱི་ཚ་དྲོད་ཚུར་བསྡུས་པ་ཅུང་ཉུང་བ་དང་། ཉི་འོད་ཕོག་པའི་དུས་ཀྱང་ཇེ་ཉུང་དུ་སོང་བས་ན་ནམ་ཟླ་གྲང་མོར་འགྱུར་ཏེ། དེ་ནི་དགུན་གྱི་དུས་ཡིན། དེའི་ཕྱིར་ང་ཚོར་དགུན་དུས་ཉི་མ་ལྷོ་ཕྱོགས་སུ་བཟུར་བ་ལྟར་སྣང་བས་ཆེས་ཆེར་མི་མཐོ་བ་དང་།   ཉིན་མོ་ཐུང་ངུར་གྱུར་པ་རེད། ཉི་མ་དེ་སྙོམས་པོར་སའི་གོ་ལ་ལྷོ་མ་དང་བྱང་མར་ཕོག་པའི་དུས་དེར། སའི་གོ་ལ་ལྷོ་མའམ་བྱང་མར་དེ་ཙམ་མི་གྲང་ཞིང་མི་ཚ་ལ། ནམ་ཟླ་དྲོད་འཇམ་ཅན་དུ་གྱུར་པ་དེ་ནི་དཔྱིད་ཀྱི་དུས་སམ་སྟོན་གྱི་དུས་ཏེ། དཔྱིད་དམ་སྟོན་ཀའི་ཉིན་མོ་དང་མཚན་མོའི་རིང་ཐུང་ལ་ཁྱད་པར་ཆེན་པོ་མི་འདུག་པ་རེད། སའི་གོ་ལ་ཉི་མ་ལ་སྐོར་ཐེངས་རེ་བྱེད་པའི་དུས་སུ། གོང་སྨོས་ཀྱི་གནས་ཚུལ་དེ་བསྐྱར་ཟློས་སུ་འབྱུང་བ་རེད།  འདིར། རང་རེས་སའི་གོ་ལ་སྟེང་སྐམ་ས་དང་མཚོ་ཆགས་ཚུལ་དེ་ཅི་འདྲ་ཞིག་ཡིན་པར་བལྟ་དགོས་ཤེ་ན། སའི་གོ་ལའི་ཕྱི་ངོས་སུ་ཧ་ལམ་བརྒྱ་ཆའི་སུམ་ཅུའི་གནས་ནི་སྐམ་ས་དང་། བརྒྱ་ཆའི་བདུན་ཅུའི་གནས་ནི་རྒྱ་མཚོ་ཡིན། སྐམ་སའི་སྟེང་དུ། རི་རྒྱུད་དང་། མཐོ་ས་དང་། ཐང་གཞོངས་དང་། སྒང་དང་། བདེ་ཐང་རྣམས་ཡོད་ཅིང་། མཚོ་ངོས་ལས་བརྩིས་ན་རི་རྩེ་མཐོ་ཤོས་ནི་རང་རྒྱལ་བོད་གངས་ཅན་གྱི་ཧི་མ་ལ་ཡའི་ཇོ་མོ་གླང་མའི་རི་རྩེ་སྟེ་དེའི་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་བརྒྱ་གྱ་གཉིས་ཡོད་པ་དང་། རྒྱ་མཚོ་ཟབ་ཤོས་ནི་ནུབ་ཕྱོགས་ཞི་བདེ་རྒྱ་མཚོའི་མ་ལིས་ཡ་ནའི་མཚོ་དོང་སྟེ། དེའི་ཟབ་ཚད་ལ་སྤྱི་ཁྲི་ཆིག་ཁྲི་བརྒྱད་བརྒྱ་གོ་དགུ་ཡོད་པ་རེད།

  ལོགས་དང་། འགའ་རེ་འོག་ཕྱོགས་སུ་སྡོད་ན། འོག་ཕྱོགས་སམ་ཟུར་ལོགས་ན་ཡོད་པའི་མི་དང་དངོས་རྫས་རྣམས་ནི་ཅིའི་ཕྱིར་སའི་གོ་ལ་དང་ཁ་འབྲལ་བར་མི་འགྱུར་ཞིང་འོག་ཏུ་ལྷུང་བར་ཡང་མི་འགྱུར་རམ་ཞེ་ན། དེ་ནི་སའི་གོ་ལར་འདྲེན་ཤུགས་ཡོད་པའི་རྒྱུ་མཚན་གྱིས་ཡིན། དཔེར་ན་ལྕགས་ཁབ་ལེན་གྱིས་ལྕགས་ཁབ་བརྔུབས་ནས་འདྲེན་པ་དང་མཚུངས་པར་དངོས་རྫས་གང་ཡིན་ཡང་དམ་པོར་འཛིན་པ་རེད། དེའི་ཕྱིར་རང་རེས་མཆོངས་ལྡིང་གཅིག་བྱས་པ་ཙམ་གྱིས་སའི་གོ་ལ་དང་ཁ་ཕྲལ་སོང་སྙམ་ཡང་། མཐར་སྔར་གྱི་གཞི་དེ་ཉིད་དུ་འབབ་པ་ལས་འོས་ཅི་ཡོད། དོན་དུ་ན། སྟེང་དང་འོག་ནི་ཕན་ཚུན་ཁ་གཏད་ཡིན་ཞིང་། རང་རེས་ནམ་ཡིན་ཡང་རྐང་བའི་འོག་ངོས་ནི་འོག་ཕྱོགས་ཡིན་པར་སེམས་ལ། གལ་ཏེ་སའི་གོ་ལར་འདྲེན་ཤུགས་མེད་པར་གྱུར་ན། གང་ཞིག་ནི་སྟེང་ཕྱོགས་དང་གང་ཞིག་ནི་འོག་ཕྱོགས་ཡིན་པ་ཉིད་འབྱེད་མི་ཐུབ་པར་འགྱུར་བ་རེསའི་གོ་ལའི་ཁོར་ཡུག་ཏུ་ཧ་ཅང་མཐུག་པའི་མཁའ་རླུང་གིས་བཏུམས་ཏེ་ཡོད་ལ། དེ་ནི་རང་རེའི་འཚོ་བར་འབྲེལ་བ་ཧ་ཅང་ཆེ་བ་རེད། མཁའ་རླུང་གིས་རང་རེ་ལ་དབུགས་འབྱིན་རྔུབ་ཀྱི་མཁོ་གལ་དང་། ཆར་དང་ཁ་བ་འབབ་བར་བྱེད་པ་ལས་གཞན། ད་དུང་སའི་གོ་ལར་གོས་ཀྱིས་གཡོགས་པ་དང་འདྲ་བར་ནུས་པ་གང་ཡོད་སྲུང་ཞིང་སྐྱོབ་པར་བྱེད་པ་རེད། དེ་ཡང་ཐོག་མར། མཁའ་རླུང་གིས་ས་ངོས་ཀྱི་ཚ་ཚད་མྱུར་འཕེལ་ཆེ་བའམ་བསིལ་བུར་འགྲོ་བ་སྲུང་འཛིན་བྱེད་པ་དང་། ཉིན་མོ་དང་མཚན་མོར་དྲོད་ཚད་ཀྱི་འགྱུར་ལྡོག་ལྷོད་པོར་གཏོང་བ་རེད། དེའི་འོག་ཏུ། སྐར་མདའི་གནོད་པ་འགོག་པར་བྱེད་དེ། སྐར་མདའ་ནི་སའི་གོ་ལའི་ཕྱི་རོལ་ནས་རྒྱུགས་པའི་རྡོའི་དུམ་བུ་ཡིན་སྟབས། དེའི་རྒྱུགས་ཚད་ཧ་ཅང་མྱུར་བས། མཁའ་རླུང་བརྟོལ་ནས་འོངས་དུས་ཕན་ཚུན་གཙུབ་པའི་རེག་བྱ་ཤུགས་ཆེ་ཞིང་། ཚ་ཚད་ཆེས་ཆེ་བ་བསྐྱེད་པར་བརྟེན་སྐར་མདའ་བསྲེགས་ནས་སའི་གོ་ལའི་སྟེང་དུ་འབབ་དཀའ་བ་ཡིན།སའི་གོ་ལ་ནི་ནམ་ཡིན་ཡང་འགུལ་སྐྱོད་བྱེད་དེ། དེ་ནི་ཕྱོགས་གཅིག་ནས་རང་གི་སྲོག་ཤིང་ལ་བརྟེན་པའི་ཚུལ་གྱིས་རང་འཁོར་བྱེད་ཅིང་། ཕྱོགས་གཅིག་ནས་ད་དུང་ཉི་མ་ལ་བལྟོས་ནས་སྤྱི་འཁོར་བྱེད་པ་རེད། སའི་གོ་ལའི་རང་འཁོར་གྱིས་ཉིན་མཚན་གྱི་འགྱུར་ལྡོག་བསྐྱེད་དེ། རང་འཁོར་ཚར་གཅིག་ནི་ཉིན་ཞག་གཅིག་ཡིན། དེའི་ཕྱིར་སའི་གོ་ལའི་རང་འཁོར་གྱི་འཁོར་ཕྱོགས་ནི་ནུབ་ནས་ཤར་དུ་འགྲོ་བས་རང་རེས་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་ཤར་ནས་འཆར་ཞིང་། མཐར་ནུབ་ཏུ་ནུབ་པ་མཐོང་བ་རེད། སའི་གོ་ལའི་རང་འཁོར་ནི་ཧ་ཅང་ངེས་སྲོལ་ཅན་ཏེ། མགྱོགས་པར་མི་འགྲོ་དལ་བུར་ཡང་མི་འགྲོ་སྟབས་སྐར་རྩིས་ཁང་ནས་སའི་གོ་ལའི་རང་འཁོར་ལ་བརྟེན་ནས་དུས་ཚོད་གཏན་ཁེལ་དང་ཐོད་གཏུགས་པ་རེད། སའི་གོ་ལས་ཉི་མ་ལ་སྐོར་བ་བྱེད་པའི་སྤྱི་འཁོར་གྱི་བགྲོད་པ་གཅིག་གི་དུས་ཚོད་ཀྱང་ངེས་པ་ཅན་ཞིག་སྟེ། དེར་ཉིན་ཞག་སུམ་བརྒྱ་རེ་ལྔ་ལྷག་བཅས་དགོས་པ་རེད། དེའི་ཡུན་ལ་རང་རེས་ལོ་གཅིག་ཅེས་མིང་དུ་བཏགས་པ་ཡིན། འོན་ཀྱང་སྤྱིར་བཏང་ལ་རྩི་བདེ་ཆེད་དུས་རྒྱུན་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་ཉིད་དུ་བརྩིས་ན། ལྷག་འཕྲོ་རྣམས་བསགས་ཏེ་ཉིན་ཞག་གཅིག་ལོངས་པའི་དུས་སུ། ལོ་དེར་ཉིན་ཞག་ལྷག་པ་གཅིག་བསྣན་ནས། རི་ཐུ་ནང་གི་ཟླ་བ་གཉིས་པ་ལ། སྐབས་འགར་ཉིན་ཞག་ཉེར་བརྒྱད་དང་། སྐབས་འགར་ཉིན་ཞག་ཉེར་དགུ་འབྱུང་སྟེ། དེ་ནི་རྒྱུ་མཚན་འདི་ལ་ཐུག་པ་རེད། རང་རེས་ཤེས་གསལ་ལྟར་ན། སའི་གོ་ལ་དང་ཉི་མའི་བར་ཐག་རེས་འགར་ཉེ་ཞིང་རེས་འགར་རིང་ལ། འོན་ཀྱང་སའི་གོ་ལ་དགུན་དུས་ཉི་མ་དང་བར་ཐག་རིང་ཚེ་ཧ་ཅང་འཁྱག་པ་དང་། དབྱར་དུས་ཉི་མ་དང་བར་ཐག་ཉེ་ཚེ་ཧ་ཅང་ཚ་བ་ཡིན་ནམ་ཞེ་ན། དེ་ལྟ་བུ་ནི་མིན་ཏེ། རང་རེའི་སའི་གོ་ལ་བྱང་མ་ལ་མཚོན་ན། གོང་སྨོས་ཀྱི་ཚུལ་དེ་ལས་གོ་ལྡོག་པར་ཡོད་དེ། སའི་གོ་ལ་ཉི་མ་དང་བར་ཐག་ཉེ་བའི་དུས་དེར། རང་རེའི་ས་འདིར་དགུན་དུས་ཡིན་ཞིང་། སའི་གོ་ལ་ཉི་མ་དང་བར་ཐག་རིང་བའི་དུས་དེར། རང་རེའི་ས་འདིར་དབྱར་དུས་ཡིན། དེའི་ཕྱིར་དུས་བཞི་ཤར་བའི་རྐྱེན་ནི། ཉི་མ་དང་བར་ཐག་ཉེ་རིང་ལས་བྱུང་བ་མིན་གྱི། སའི་གོ་ལ་ཅུང་ཟད་ཡོ་བའི་ཚུལ་གྱིས་རང་འཁོར་བྱེད་པའི་རྒྱུ་མཚན་འདི་ལ་ཐུག་པ་ཡིན། སའི་གོ་ལ་ཅུང་ཟད་ཡོ་བའི་ཚུལ་གྱིས་རང་འཁོར་བྱེད་པ་དེས་སའི་གོ་ལ་ཉི་མ་ལ་སྐོར་བའི་དུས་སུ། སྐབས་འགར་སའི་གོ་ལ་བྱང་མ་ཉི་མ་ལ་ཡོ་བར་ཕྱོགས་ཤིང་། སྐབས་འགར་སའི་གོ་ལ་ལྷོ་མ་ཉི་མ་ལ་ཡོ་བར་ཕྱོགས་ཚེ། ཉི་འོད་རང་རེའི་སའི་གོ་ལ་བྱང་མར་དྲང་ཐད་ཀྱིས་འཕྲོ་བས་ན། སའི་གོ་ལ་བྱང་མར་ཉི་འོད་ཕོག་པ་ཡང་ཤིན་ཏུ་རྣོ་ལ། འོད་ཕོག་པའི་དུས་ཀྱང་རིང་དུ་འགྲོ་བ་ཡིན། དེའི་ཕྱིར་ནམ་ཟླ་ཤིན་ཏུ་ཚ་སྟེ་དེ་ནི་དབྱར་གྱི་དུས་ཡིན། དེ་བཞིན་སའི་གོ་ལ་ལྷོ་མ་ཉི་མ་ལ་ཡོ་བར་ཕྱོགས་ཚེ། ཉི་འོད་སའི་གོ་ལ་ལྷོ་མར་དྲང་ཐད་ཀྱིས་འཕྲོ་བས་ན། སའི་གོ་ལ་ལྷོ་མར་དབྱར་དུས་འབྱུང་བ་རེད། དེར་མ་ཟད་རང་རེའི་སའི་གོ་ལ་བྱང་མར་ཉི་འོད་འཕྲོ་ལ་བཟུར་བའི་ཚུལ་གྱིས་འཕྲོ་བ་དང་། ཉི་འོད་ཀྱི་ཚ་དྲོད་ཚུར་བསྡུས་པ་ཅུང་ཉུང་བ་དང་། ཉི་འོད་ཕོག་པའི་དུས་ཀྱང་ཇེ་ཉུང་དུ་སོང་བས་ན་ནམ་ཟླ་གྲང་མོར་འགྱུར་ཏེ། དེ་ནི་དགུན་གྱི་དུས་ཡིན། དེའི་ཕྱིར་ང་ཚོར་དགུན་དུས་ཉི་མ་ལྷོ་ཕྱོགས་སུ་བཟུར་བ་ལྟར་སྣང་བས་ཆེས་ཆེར་མི་མཐོ་བ་དང་།   ཉིན་མོ་ཐུང་ངུར་གྱུར་པ་རེད། ཉི་མ་དེ་སྙོམས་པོར་སའི་གོ་ལ་ལྷོ་མ་དང་བྱང་མར་ཕོག་པའི་དུས་དེར། སའི་གོ་ལ་ལྷོ་མའམ་བྱང་མར་དེ་ཙམ་མི་གྲང་ཞིང་མི་ཚ་ལ། ནམ་ཟླ་དྲོད་འཇམ་ཅན་དུ་གྱུར་པ་དེ་ནི་དཔྱིད་ཀྱི་དུས་སམ་སྟོན་གྱི་དུས་ཏེ། དཔྱིད་དམ་སྟོན་ཀའི་ཉིན་མོ་དང་མཚན་མོའི་རིང་ཐུང་ལ་ཁྱད་པར་ཆེན་པོ་མི་འདུག་པ་རེད། སའི་གོ་ལ་ཉི་མ་ལ་སྐོར་ཐེངས་རེ་བྱེད་པའི་དུས་སུ། གོང་སྨོས་ཀྱི་གནས་ཚུལ་དེ་བསྐྱར་ཟློས་སུ་འབྱུང་བ་རེད། འདིར། རང་རེས་སའི་གོ་ལ་སྟེང་སྐམ་ས་དང་མཚོ་ཆགས་ཚུལ་དེ་ཅི་འདྲ་ཞིག་ཡིན་པར་བལྟ་དགོས་ཤེ་ན། སའི་གོ་ལའི་ཕྱི་ངོས་སུ་ཧ་ལམ་བརྒྱ་ཆའི་སུམ་ཅུའི་གནས་ནི་སྐམ་ས་དང་། བརྒྱ་ཆའི་བདུན་ཅུའི་གནས་ནི་རྒྱ་མཚོ་ཡིན། སྐམ་སའི་སྟེང་དུ། རི་རྒྱུད་དང་། མཐོ་ས་དང་། ཐང་གཞོངས་དང་། སྒང་དང་། བདེ་ཐང་རྣམས་ཡོད་ཅིང་། མཚོ་ངོས་ལས་བརྩིས་ན་རི་རྩེ་མཐོ་ཤོས་ནི་རང་རྒྱལ་བོད་གངས་ཅན་གྱི་ཧི་མ་ལ་ཡའི་ཇོ་མོ་གླང་མའི་རི་རྩེ་སྟེ་དེའི་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་བརྒྱ་གྱ་གཉིས་ཡོད་པ་དང་། རྒྱ་མཚོ་ཟབ་ཤོས་ནི་ནུབ་ཕྱོགས་ཞི་བདེ་རྒྱ་མཚོའི་མ་ལིས་ཡ་ནའི་མཚོ་དོང་སྟེ། དེའི་ཟབ་ཚད་ལ་སྤྱི་ཁྲི་ཆིག་ཁྲི་བརྒྱད་བརྒྱ་གོ་དགུ་ཡོད་པ་རེད།

    འགྱུར་རྩོམ་གྱི་ཁྱད་ཆོས།

  ང་ཚོས་སློབ་ཆུང་ནས་བཟུང་སྟེ་ནམ་མཁའ་དང་ས་གཞི། རྒྱ་མཚོ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་བསླབས་ནས་ཡོང་། འོ་ན་འདི་རུ་བྱིས་པའི་རྒྱུན་ཤེས་ལྟ་བུའི་རྩོམ་ཡིག《མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ》ཞེས་པ་འདི་འགོད་པར་དགོས་པ་ཅི་ཡོད་དམ་ཞེ་ན། ང་ཚོས་འདི་སྙམ་དུ་བསམས་པ་ཡིན་ཏེ། རྩོམ་ཡིག་འདི་ནི་དུས་རབས20པའི་ལོ་རབས50པའི་མཇུག་ཏུ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་རྒྱ་ཡིག་ནས་བསྒྱུར་པ་ཞིག་ཡིན་པ་དང་། དེའི་སྐོར་གྱི་འགྱུར་ཡིག་ཕྱོགས་བསྡོམས་ཀྱིས་དཔེ་དེབ《སྐར་ཚོགས་ཀྱི་འཇིག་རྟེན》ཞེས་པ་ཞིག་ཀྱང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་མྱོང་ཡོད་འདུག ད་ལྟ་བལྟས་ན་ཁ་གསལ་ཞིང་གོ་བདེ་བས་རྨང་གཞིའི་ཤེས་བྱ་ཁྱབ་གདལ་བྱེད་པར་ཕན་སླེབས་ཆེན་པོ་འབྱུང་ངེས། ལྷག་པར་དུ་རྗོད་བྱེད་ཀྱི་ཆ་ནས་དེང་སང་གི་འགྱུར་ཡིག་ཕལ་ཆེ་བ་ནང་བཞིན་ཡང་ཡང་མ་བཀླགས་མི་གོ་བ་དང་། རྒྱ་བོད་ཡིག་གཉིས་ཀར་བསམ་བློ་མ་བཏང་ན་འགྱུར་ཡིག་རང་སྟེང་ནས་གང་ཞིག་འཆད་ཀྱིན་པ་མི་ཤེས་པའི་སྣང་ཚུལ་འདུག་པ་སོགས་དང་མི་འདྲ་བར། དཔེ་དེབ་དེ་ནི་བོད་ཡིག་ལ་ཅུང་ཟད་བྱང་ཆ་ལྡན་པ་ཞིག་གིས་ཐེངས་གཅིག་བཀླགས་པས་ཀྱང་གོ་དོན་བདེ་བླག་ཏུ་རང་སེམས་ལ་འབྱོར་འགྲོ་བའི་ཁྱད་ཆོས་ཅན་དུ་མཐོང་།

  གཞན་ཡང་། མཁས་པ་ཆེན་པོ་ཁོང་རིགས་ཀྱིས་རྨང་གཞིའི་རྒྱུན་ཤེས་དོ་གལ་ཆེན་པོར་བརྩིས་ཏེ། དེ་ལྟར་ཁ་གསལ་གོ་བདེར་བསྒྱུར་པ་ལའང་དགོངས་གཞིགས་ཆེན་པོ་འདུག་པས། མ་འོངས་པ་ན་ང་ཚོ་མཁས་པར་གྱུར་ནའང་རིག་གནས་ཁྱབ་ཁོངས་སོ་སོའི་རྒྱུན་ཤེས་སྣ་ཚོགས་བསྒྱུར་རྒྱུ་བྱུང་ན་རིན་ཐང་ཆེ་བ་དང་། དེ་ཡང་རང་རིགས་ཀྱི་སྐད་ཆའི་བརྡ་སྤྲོད་དང་མཐུན་པར་ཁ་གསལ་གོ་བདེས་བསྒྱུར་རྒྱུ་ནི་ལྷག་ཏུ་གལ་ཆེ།

<