དྲིལ་ལེབ།

2018-12-06

 

   དྲིལ་ལེབ་ནི་ཀྲུང་གོའི་གནའ་རབས་རོལ་ཆས་གཙོ་ཤོས་ཤིག་ཡིན། དྲིལ་བུའི་རིགས་ཤིག་རེད། དེ་ནི་ཀྲོའུ་ནུབ་མའི་སྐབས་སུ་དར་བ་ཡིན་ལ། ཁྲུན་ཆིའུ་ཀྲན་གོའི་སྐབས་ནས་ཆིན་རྒྱལ་རབས་བར་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད། ལོ་རབས་མི་འདྲ་བའི་དབང་གིས་དྲིལ་ལེབ་ཀྱི་བཟོ་དབྱིབས་ཀྱང་རྣམ་པ་སྣ་ཚོགས་ཡིན། ཡིན་ཡང་། དྲིལ་ལེབ་ཀྱི་སྟེང་ན་རི་མོ་སྤུལ་ལེགས་ཅན་དག་བྲིས་ཡོད་པ་རེད།

   1978ལོའི་དཔྱིད་ཀར་ཧུའུ་པེ་ཞིང་ཆེན་གྱི་སུའེ་ཀྲོའུ་ས་ཆའི་ཧོའུ་དབྱི་བང་སོ་རུ་ལོ་ངོ2400གོང་གི་ལི་བཟོས་དྲིལ་ལེབ་ཅེས་པའི་རོལ་ཆས་ཆེ་བ་ཞིག་སྔོག་འདོན་བྱས།  དྲིལ་ལེབ་ཆ་ཚང་དེ་ལ་བྱ་བྲག་དྲིལ་དུ65དང་། ལྗིད་ཚད་བསྡོམས་འབོར་སྟོང་ཁེ2567དང་། དྲིལ་སྒྲོམ་གྱི་རིང་ཚད་སྨི7.48དང་མཐོ་ཚད་སྨི2.73བཅས་ཡོད་པ་རེད།  ཙེང་ཧོའུ་དབྱི་དྲིལ་ལེབ་ནི་གྲངས་འབོར་མང་ཤོས་དང་། བཟོ་བཀོད་ལེགས་ཤོས། དྲིལ་སྒྲ་སྣ་ཁ་ཚང་ཤོས་བཅས་ཀྱི་དྲིལ་ལེབ་ཆ་ཚང་ཞིག་ཡིན།  དེས་ཆིན་རྒྱལ་རབས་ཀྱི་སྔ་རབས་ཀྱི་ལུག་བཟི་ལག་ཤེས་ཀྱི་ཐབས་ཤེས་ཀུན་ནས་བསྡུས་ཡོད་པ་དང་།  ཀྲུང་གོའི་ལི་ཆས་དུས་སྐབས་ཀྱི་ལུག་བཟོའི་ལག་ཤེས་ཞིབ་འཇུག་བྱེད་པར་དམིགས་བསལ་གྱི་དོན་སྙིང་ཡོད་པ་རེད།

<