སྤུ་ཧྲེང་རྒྱལ་རབས།

2018-11-21

 

   སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་བར་པ་བཀྲ་ཤིས་མགོན་གྱིས་གུ་གེ སྤུ་ཧྲེང་། ཡ་རྩེ་དང་བཅས་པ་ལ་མངའ་མཛད་དེ་སྤུ་ཧྲེང་རྒྱལ་རྒྱུད་བྱུང་།

  ་སྤྲོད་མདོར་བསྡུས།

  དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་ཞང་ཞུང་ཁུལ་དུ་བྲོས་བྲོལ་དུ་བྱོན་ཏེ་མངའ་རིས་དབང་དུ་བསྒྱུར། ཕྱིས་སུ་སྔར་ཡབ་མེས་དག་སྲིད་ལ་མ་འཆམ་པའི་ངན་འབྲས་བསླབ་བྱར་འཛིན་ཏེ། མངའ་རིས་སྐོར་གསུམ་དུ་ཕྱེ་སྟེ་བུ་གསུམ་པོར་བགོས་པ་ལས། སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་། དེའང་། སྲས་བར་པ་བཀྲ་ཤིས་མགོན་ལ་གུ་གེ སྤུ་ཧྲེང་། ཡ་རྩེ་དང་བཅས་པ་ལ་མངའ་མཛད་དེ་སྤུ་ཧྲེང་རྒྱལ་རྒྱུད་བྱུང་། རྒྱལ་ཐོག་18པ་དཔལ་མགོན་ལྡེར་སྲས་གཉའ་ཁྲི་ལྡེ་གཅིག་པུ་ལས་མེད་པར་དེ་ཡང་སྐུ་ཚེ་ཐུང་བས། ཁོང་གི་ཁུ་བོ་ཀྱིར་ཏི་མེལ་ཡུམ་དང་ལྷན་དུ་ཡ་རྩེར་བཞུགས་ནས་སྤུ་ཧྲེང་དུ་དབང་བསྒྱུར། ཀྱིར་ཏི་མེལ་གྱི་སྲས་རྒོད་ལམ་ལྡེས་ཡ་རྩེར་མངའ་མཛད་པ་ལས་མ་མཐུད་དུ་སྤུ་ཧྲེང་དུ་དབང་བསྒྱུར། ཀྱིར་ཏི་མེལ་གྱི་སྲས་རྒོད་ལམ་ལྡེས་ཡ་རྩེ་མངའ་མཛད་པ་ལས་སྤུ་ཧྲེང་ལ་ཁོམ་པ་མ་བྱུང་བས། སྤུ་ཧྲེང་གི་གདུང་ཆད་ནས་གུ་གེའི་མངའ་འོག་ཏུ་ཚུད་པར་གསུངས།

      སྤུ་ཧྲེང་རྒྱལ་པོའི་གདུང་རབས།   

 

 

<