ལྷ་སའི་མིང་དང་ས་ཁམས་ཆགས་ཚུལ་ངོ་སྤྲོད།

2019-01-29

 

 བོད་གངས་ཅན་གྱི་གཙུག་རྒྱན་ལྷ་ཡུལ་ས་ལ་འཕོས་འདྲའི་གནའ་བོའི་གྲོང་ཁྱེར་ལྷ་ས་ནི། གངས་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་དང་བཅས་པའི་ལྟེ་གནས་ཡིན་ལ། ཡངས་པའི་ཐ་གྲུ་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ལྗོངས་ཀྱི་གནའ་རབས་གྲགས་ཅན་གྲོང་ཁྱེར་ཨང་པོ་དེ་ཡང་ཡིན། གྲོང་ཁྱེར་འདིར་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པས་གནའ་བོའི་རིག་དངོས་དུ་མ་དང་། དམངས་ཁྲོད་ཀྱི་རིག་གནས་ཤོད་རྒྱུན་ཡང་མང་དག་ཞིག་ཡོད། དེ་དག་ཐམས་ཅད་མི་རིགས་རང་ཉིད་ཀྱི་བརྗེད་པར་ཕངས་པའི་ཤེས་བྱ་འབའ་ཞིག་ཡིན། གལ་སྲིད་ང་ཚོས་ཁ་ནས་རྒྱུན་དུ་ཤོད་པའི་སྤྱིར་བཏང་གི་མིང་ཚིག་ཙམ་ལའང་འགྲེལ་བཤད་བྱེད་མ་ཐུབ་ན་མི་རིགས་གཞན་གྱི་མདུན་དུ་ཐབས་སྐྱོ་པོ་ཞིག་ལོས་ཡིན། དེང་བོད་ཀྱི་རིག་གནས་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཡངས་པའི་མཁས་པ་རྣམས་ནི་དགུན་གྱི་རྦབ་ཆུ་བཞིན་བྲི་བ་དང་། ཕྱི་རབས་པ་རྣམས་ཀྱིས་ནི་དེ་ཤུལ་འཛིན་བྱེད་པ་ལ་ཁྱུང་ཤུལ་བྱིའུས་ 

 གཅོད་པ་དང་འདྲ་བས། བོད་གངས་ཅན་གྱི་གནའ་ཤུལ་གྲགས་ཅན་དང་། ལོ་རྒྱུས་རིག་གནས་དག་ཀྱང་མི་རབས་དང་ལྷན་དུ་མ་ཟད་པར་མི་རབས་ནས་མི་རབས་བར་བརྟན་ཅིང་འཛིན་སྐྱོང་སྤེལ་གསུམ་ཐུབ་པ། རང་རིགས་ན་གཞོན་ཚོར་སྨན་སླད་དང་། དམངས་ཁྲོད་ཀྱི་རིག་གནས་མི་འཛད་པའི་གཏེར་ལྟ་བུ་རྣམས་ཤུལ་མེད་དུ་མི་འགྱུར་བའི་ཆེད་ལྷ་སའི་གནའ་ཤུལ་གྲགས་ཅན་ངོ་སྤྲོད་དང་། ས་ཁམས་ཆགས་ཚུལ་སོགས་ཕྱོགས་བསྒྲིགས་དང་རྩོམ་བྲིས་ཞུས་པ་ལ།

<