སྲིན་པོ།

2019-01-30

 

 གནས་རི་འདི་ནི་འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ10ལྷག་གི་མཚམས་ན་ཡོད་པའི་རྫ་རི་ཞིག་སྟེ། མཐོ་ཚད་ལ་མཚོ་ངོས་ལས་སྨི3000ལྷག་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°15′ཡི་མཚམས་དང་། ཤར་གྱི་གཞུང་ཚད100°07′གྱི་མཚམས་ན་ཡོད། གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་ཤྭ་བ་དང་།  གནའ་བ།  གླ་བ།  གཡི་དཀར།  སྤྱང་ཀི་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་བྱ་རྒོད་དང་།  གླག་རྒོད།  གོང་མོ་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དང་།  ཤུག་པ།  སྟག་པ།  ལྕང་མ་སོགས་ཡོད།  སྲིན་པོ་ཞེས་པའི་གཞི་བདག་ཅིག་རྫ་འདིར་གནས་པས་མིང་ཡང་དེ་སྐད་དུ་ཐོགས། རྫ་རི་འདི་ནི་ཚང་ཚིང་སྟུག་པོས་ཡོངས་སུ་གཡོགས་འདུག་པར་མ་ཟད། རྣ་བ་དང་ཤ་བ་སོགས་བག་ཡངས་སུ་རྒྱུ་བའི་གནས་ཤིག་ཀྱང་ཡིན།

 
 

  ངག་རྒྱུན་ལ། སྔོན་ཆད་འདིའི་གནས་བདག་སྲིན་པོ་ནི་མི་ཤ་ཟ་མཁན་ཞིག་ཡིན་ཞིང་། དེ་དང་ཉེ་བའི་མེ་གླིང་དགོན་པའི་གྲྭ་བ་རྣམས་རྒྱུན་པར་སྲིན་པོ་དེས་ཁུར་འགྲོ་བས། བླ་ཆེན་ཞིག་ཞུས་ཏེ་དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ་བཀོད་པར་བཤད་དོ། །

<