ཕག་རི་གྲོང་རྡལ

2014-12-30
   ཕག་རི་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཆགས་ཡོད་ཅིང་།   གྲོ་མོ་རྫོང་མཁར་གྱི་ནུབ་ནས་བར་ཐག་ལེ་དབར་༥༠ཙམ་གྱི་མཚམས་སུ་ཡོད།  དེ་དང་གཞིས་ཀ་རྩེ་གྲོང་ཁུལ་བར་ལེ་དབར་༢༥༠ཙམ་ཡོད།  ཕག་རི་གྲོང་རྡལ་གྱི་ཤར་འབྲུག་ཡུལ་དང་འབྲེལ་ཡོད་པ་དང་།  གཞིས་ཀ་རྩེ་ས་ཁུལ་གྱི་མཐའ་མཚམས་གྲོང་རྡལ་ནང་གི་གཅིག་ཡིན།   དེ་ལ་འཛམ་གླིང་གི་མཐོ་སའི་གྲོང་རྡལ་དང་པོ་ཞེས་འབོད་སྲོལ་ཡོད།     རྒྱུ་ནོར་ལོངས་སྤྱོད་ཀྱི་ཆ་ལ་དཀའ་ངལ་མེད།  དེ་ནི་གཞུང་ལམ་གྱི་གཡས་གཡོན་དུ་ཐར་ཐོར་དུ་འགྲེང་བའི་ཚོང་ཁང་དང་ཡུལ་དེའི་སྡོད་ཁང་ལ་གཟིགས་ན་ཐད་ཀར་དུ་ཚོར་ཐུབ། 

  ཡུལ་དེ་བོད་ལྗོངས་ཀྱི་མཐའ་མཚམས་དང་འབྲེལ་ཡོད་པར་བརྟེན་ཡུལ་དེར་སྡོད་པའི་མང་ཚོགས་ལ་གནའ་ནས་ད་བར་དུ་ཚོང་གཉེར་གྱི་གོམས་སྲོལ་ཞིག་ཆགས་པས།

  ཕག་རི་གྲོང་རྡལ་དེ་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི ༤༦༤༠ གྱི་མཚམས་སུ་ཆགས་ཤིང་། ཀུན་གྱིས་འཛམ་གླིང་གི་མཐོ་སའི་གྲོང་རྡལ་དང་པོ་ཞེས་སུ་འབོད།  སྔོན་ཆད་གྲོ་མོའི་ཚོང་དོན་ཧ་ཅང་དར་རྒྱས་ཆེ་པའི་དུས་སུ་ཡུལ་དེ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་མགྲོན་འདུ་བའི་ས་ཚིགས་ཤིག་ཏུ་གྱུར་བས།  ཕག་རི་ཞེས་པའི་མིང་དེ་ཡང་ཚོང་མགྲོན་གྱི་འགྲོ་འོང་དང་བསྟུན་ནས་འཛམ་གླིང་ཡུལ་ཕྱོགས་ཀུན་ལ་ཁྱབ། 

  ཕག་རི་ནི་རི་བོ་ཧི་མ་ལ་ཡའི་ལྷོ་བྱང་གི་མཚམས་སུ་ཆགས་ཡོད་ཅིང་།  ཕག་རི་ནས་གྲོ་མོ་རྫོང་གི་སྲིད་གཞུང་ཡོད་སའི་ཤར་གསིང་མ་གྲོང་རྡལ་བར་ལ་ལེ་དབར ༤༦ ཡོད་པ་དང་། གྲོང་རོང་གཡང་གཟར་ལ། གཙང་ཆུ་ལྷོ་རུ་འབབ།   སྔར་བཞིན་ལྷོ་ཕྱོགས་སུ་རྒྱུ་བ་ན། ས་བབ་ཇེ་དམའ་ནས་ཇེ་དམའ་ཡིན་པ་དང་།   མདུན་ཕྱོགས་སུ་རྒྱུ་འོང་བ་ནི་རྒྱ་གར་གྱི་རྒྱ་མཚོ་ཆེན་པོ་ནས་ལྡིང་བའི་དྲོད་རླུང་ཡིན།  ཁ་དབུགས་བརླན་ལ་རྩི་ཤིང་ཡང་རིམ་བཞིན་ཇེ་སྟུག་རེད།  ཕག་རི་གྲོང་རྡལ་ནས་འགོ་བརྩམས་ནས་ཤར་ཕྱོགས་སུ་རླངས་འཁོར་སྐོར་ནས་ཆུ་ཚོད་སྐར་མ་ཙམ་དུ་ཕྱིན་པ་ན་རི་ཆུང་པོ་ཏོག་དགོན་དུ་སླེབས་པ་དང་།    དེ་ནི་ཕག་རི་གྲོང་རྡལ་གྱི་དགོན་སྡེ་ཆེ་ཤོས་རེད། 

<