གློག་བརྟག་ཚུལ

2019-01-29

 

 གློག་བརྟག་པ་ནི།    ལྷོ་ནུབ་ཕྱོགས་སུ་གློག་འོད་འཁྱུགས། །ཕྱི་ཉིན་ཚ་བ་འཐིབ་པར་འགྱུར། །ནུབ་ཏུ་གློག་འོད་འཁྱུགས་གྱུར་ན། །ཆར་བ་རྒྱུན་རིང་འབབ་པར་འགྱུར། །འབྲུག་དུས་གློག་འོད་དྲག་པོ་འཁྱུགས། །ངེས་པར་རླུང་ཆེན་ལྡང་བར་འགྱུར། །གློག་འོད་འཆལ་བར་འཁྱུགས་གྱུར་ན། །ཆར་མེད་རླུང་ཡང་འཇགས་པར་འགྱུར། །གློག་འོད་སིལ་བུར་འཁྱུགས་གྱུར་ན། །ཆར་འབབ་རླུང་ཆེན་ལྡང་བར་འགྱུར།  ། 

<