དཔའ་མཆོག་མ་ཅིག་རྒྱལ།

2018-10-31

 

   སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་ཕེབས་ཏེ་གསར་འགྱུར་རྒྱང་སྒྲོག་པ་དང་མདོ་འཛིན་པའི་ལས་ཀ་གཉེར།

  ངོ་སྤྲོད།

  ཁོང་ནི་སྤྱི་ལོ1962ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྐྱེས།   སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར།  མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་ཕེབས་ཏེ་གསར་འགྱུར་རྒྱང་སྒྲོག་པ་དང་མདོ་འཛིན་པའི་ལས་ཀ་གཉེར།

    བྱ་བའི་བརྒྱུད་རིམ།

  སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར།  མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་ཕེབས་ཏེ་གསར་འགྱུར་རྒྱང་སྒྲོག་པ་དང་མདོ་འཛིན་པའི་ལས་ཀ་གཉེར།

  སྤྱི་ལོ2004ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་ཤེས་རམས་པའི་བསླབ་གནས་ཐོབ།  སྤྱི་ལོ2006ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་གཙོ་འགན་མདོ་འཛིན་པ་དང་རྒྱལ་ཁབ་གྱི་རིམ་པ་དང་པོའི་གཙོ་འགན་ཕྲག་ཏུ་བླངས་ནས།   《ཀྲུང་ཧྭའི་དཔལ་མཆོག》ཅེས་པ་དང《འོད་སྟོང་ལྡན་པའི་བཞུད་ལམ》སོགས་ཆེད་དོན་འཁྲབ་ཚན་སུམ་བརྒྱར་ཉེ་བ་ལ་འགྲེལ་བཤད་བྱས་མྱོང་པ་དང་།   《མཐོ་སྒང་གི་ནམ་མཁའ》《ཐེམ་ཆེན་རྟ་མཆོག་གི་ཞིང་ཁམས》  《སྟོང་རི་ལྷ་མཚོའི་གཟི་ཉམས》སོགས་བོད་ཀྱི་རིག་རྩལ་སྤྲོ་ཚོགས་དང་ལོ་སར་དགོང་ཚོགས་མི་ཉུང་བ་ལ་མདོ་འཛིན་གནང་སྟེ།  ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་ཕུལ་བྱུང་མདོ་འཛིན་པའི་ཁྱད་འཕགས་མཚན་སྙན་ཐོབ་ཡོད།  ལྷག་པར་ཏུ་ལོ་ངོ་སུམ་ཅུ་རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཁོང་གིས་ད་ལྟའི་བར་དུ་གཉེན་བཤད་དང་སྟོན་བཤད།   ཁ་ཤགས་སོགས་ཀྱི་སྒྲ་ཐག་དང་བརྙན་འཁོར་མང་དུ་བཀྲམས་མྱོང་བར་མ་ཟད།   གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་འཁྲབ་ཚན་ལྔ་བརྒྱ་ལྷག་ལ་སྐད་སྦྱོར་བགྱིས་ནས།  རྒྱ་ཆེ་བའི་ལྟ་མཁན་ཁྲི་མ་འབུམ་གྱི་མིག་གི་དགའ་སྟོན་དུ་ཕུལ་བ་དང་།  གཞན་ད་དུང་གཉེན་སྟོན་དང་། གྱ་སྟོན།  སྐྲ་སྟོན་ལ་སོགས་པའི་སྟོན་མོ་སྣ་ཚོགས་ལ་མདོ་འཛིན་བྱས་པ་ལ།  ཀུན་གྱི་བསྔགས་བརྗོད་དང་དགའ་བསུ་མི་དམན་པ་ཐོབ་ཀྱིན་ཡོད།   ཁོང་གིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་འཕེལ་རྒྱས་ལ་གསུབ་ཏུ་མེད་པའི་བྱས་རྗེས་མི་དམན་པ་བཞག་ཡོད།  ད་ལྟ་ཁོང་གིས་ཨ་མདོ་བརྙན་འཕྲིན་ཁང་དུ་ལྟ་ཞིབ་པའི་འགན་བཞེས་ཡོད།

    བྱ་བའི་གྲུབ་འབྲས།

  སྤྱི་ལོ2002ལོར《སྟོང་རི་ལྷ་མཚོའི་གཟི་ཉམས》ཞེས་པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་རིག་རྩལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།   སྤྱི་ལོ2003ལོར་ཡང་བསྐྱར་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་དགའ་ཨང་དང་པོ་ཐོབ།  སྤྱི་ལོ1998ལོར《གནའ་བོའི་བོད་ཀྱི་དབྱངས་ཡིག》ཅེས་པ་ལ་མཚོ་སྔོན་གསར་འགྱུར་བྱ་དགའ་ཨང་དང་པོ་ཐོབ་པ་དང་།   སྤྱི་ལོ1999ལོར་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་རིག་རྩལ་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་ཐོབ། སྤྱི་ལོ2004ལོར《རྩྭ་ཐང་གི་སྨན་པ་བཟང་པོ》ཞེས་པར་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བྱ་དགའ་དང་ཕུལ་བྱུང་རྒྱང་སྒྲོག་པ་དང་མདོ་འཛིན་པའི་བྱ་དགའ་ཐོབ།  སྤྱི་ལོ2002ལོར《རིག་འབྱུང་ཡུལ་གྱི་དགའ་སྟོན》ཞེས་པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་རིག་རྩལ་བྱ་དགའ་ཨང་གཉིས་པ་ཐོབ།  སྤྱི་ལོ2004ལོར《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཚོ་སྔོན་དུ་ཕེབས་པ》ཞེས་པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྒྱང་སྒྲོག་བྱ་དགའ་ཨང་གཉིས་པ་ཐོབ།   《ཐེམ་ཆེན་རྟའི་ཆོལ་ཁ》ཞེས་པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་རིག་རྩལ་བྱ་དགའ་ཨང་གཉིས་པ་ཐོབ།

<