གླང་མདུན་དཔལ་འབྱོར།

2018-10-31

   ཁོང་ནི་སྤྱི་ལོ1941ལོར་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་ངུའི་དུས་སུ་རྒྱ་གར་དུ་ཕྱིན་ནས་དབྱིན་ཇིའི་ཡི་གེ་སྦྱངས། སྤྱི་ལོ1979ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས། ཁོང་ནི་བོད་ཀྱི་རིག་གཞུང་མཁས་པ་དང་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་སྤྱི་ལོ2013ལོའི་ཟླ11པའི་ཚེས28ཉིན་གྲོང་ཁྱེར་ལྷ་ས་རུ་སྐུ་གཤེགས།

  ངོ་སྤྲོད།

  ཁོང་གིས་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་།  ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ལྷ་ས་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཅས་བཞེས་མྱོང་།

    བྱ་བའི་གྲུབ་འབྲས།

  ཁོང་སྤྱི་ལོ1979ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས།  ཁོང་གིས་བརྩམས་པའི《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ》ཞེས་པའི་སྙན་ངག་ལ་ཞིང་ལྗོངས་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ།  སྒྲུང་ཐུང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ལ་ཐེངས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་གསར་རྩོམ་གྱི་བྱ་དགའ་ཐོབ་མྱོང་བར་མ་ཟད།  རྒྱ་ཡིག་ཏུ་བསྒྱུར་ནས་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ1983ལོར་པར་དུ་བསྐྲུན་པའི《སྒྲུང་ཐུང་ཕྱོགས་བསྒྲིགས》ནང་དུ་བསྡུས།  སྒྲུང་རིང《གཙུག་གཡུ》ལ་སྤྱི་ལོ1985ལོར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་སྒྲུང་རིང་ཨང་དང་པོའི་བྱ་དགའ་གནང་ཞིང་།  དེ་ནི་བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཐོག་བོད་ཡིག་གིས་བརྩམས་པའི་སྒྲུང་རིང་ཨང་དང་པོ་ཡིན།

<