བསྟན་འཛིན།

2018-10-31

 

   ཁོང་ནི་ཧྥུ་ཏན་སློབ་ཆེན་གསར་འགྱུར་སྡེ་ཁག་གསར་འགྱུར་ཆེད་ལས་སྦྱངས་ནས་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་།

  ངོ་སྤྲོད།

  ཁོང་ནི་སྤྱི་ལོ1946ལོའི་ཟླ12པར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུར་སྐྱེས།  སྤྱི་ལོ1966ལོར་བྱ་བར་ཞུགས་ཤིང་།  སྤྱི་ལོ1965ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1976ལོར་ཧྥུ་ཏན་སློབ་ཆེན་གསར་འགྱུར་སྡེ་ཁག་གསར་འགྱུར་ཆེད་ལས་སྦྱངས་ནས་མཐར་ཕྱིན།  སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་། སྤྱི་ལོ2005ལོ་དང2006ལོ་གཉིས་ལ་ཀྲུང་གོ་རིག་གནས་ཐོན་ལས་མི་སྣར་བདམས་པར་མ་ཟད།  སྤྱི་ལོ2007ལོར་ཀྲུང་གོའི་གསར་གཏོད་ཐོན་ལས་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ།

  བྱ་བའི་བརྒྱུད་རིམ།

  སྤྱི་ལོ1960ལོའི་ཟླ7པ་ནས1966ལོའི་ཟླ6པའི་བར།  བོད་ལྗོངས་མི་རིགས་སློབ་གླིང་དགེ་འོས་ཚན་ཁག་ཏུ་སློབ་སྦྱོང་བྱས།

  སྤྱི་ལོ1966ལོའི་ཟླ6པ་ནས1966ལོའི་ཟླ10བའི་བར།  ཀྲུང་དབྱང་མི་རིགས་སློབ་གླིང་གསར་འགྱུར་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།

  སྤྱི་ལོ1966ལོའི་ཟླ10བ་ནས1973ལོའི་ཟླ7པའི་བར།  《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་དུ་གསར་འགོད་པ་དང་གསར་འགྱུར་རྩོམ་སྒྲིག་ཚན་ཁག་གི་ཚན་གཙོ་གཞོན་པའི་འགན་བཞེས།

  སྤྱི་ལོ1973ལོའི་ཟླ7པ་ནས1976ལོའི་ཟླ8པའི་བར།  ཧྲང་ཧེ་ཧྥུ་ཏན་སློབ་ཆེན་གསར་འགྱུར་སྡེ་ཁག་ཏུ་གསར་འགྱུར་ཆེད་ལས་སྦྱངས།

  སྤྱི་ལོ1976ལོར་མཐར་ཕྱིན་རྗེས་ཕྱིར《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་དུ་ལས་ཀ་བསྒྲུབས། ཚགས་པར་ཁང་གི་གསར་འགོད་པ་དང་གསར་འགོད་ས་ཚིགས་ཀྱི་འགོ་གཙོ། སྒྲིག་བརྒྱུད་པུའུ་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན།  སྤྱིའི་རྩོམ་སྒྲིག་གཞོན་པ་བཅས་ཀྱི་འགན་བཞེས།

  སྤྱི་ལོ1976ལོའི་ཟླ8པ་ནས1979ལོའི་ཟླ3པའི་བར།  《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་ལྷོ་ཁ་གསར་འགོད་ས་ཚིགས་ཀྱི་འགོ་གཙོའི་འགན་བཞེས།

  སྤྱི་ལོ1979ལོའི་ཟླ3པ་ནས1980ལོའི་ཟླ9བའི་བར། 《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་སྤྱིའི་རྩོམ་སྒྲིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

  སྤྱི་ལོ1980ལོའི་ཟླ9བ་ནས1983ལོའི་ཟླ5བའི་བར། 《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་གི་སྤྱིའི་རྩོམ་སྒྲིག་གཞོན་པ་དང་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

  སྤྱི་ལོ1983ལོའི་ཟླ1པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་ཐིན་ཀྲང་དང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།

  སྤྱི་ལོ1983ལོའི་ཟླ6པར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཨུ་ཡོན་དང་རིག་གནས་ཐིན་གྱི་ཐིན་ཀྲང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ལྗོངས་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས

  སྤྱི་ལོ1985ལོའི་ཟླ11པར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

  སྤྱི་ལོ1995ལོའི་ཟླ8པར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུ་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བོད་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པར་བདམས།

  སྤྱི་ལོ2001ལོའི་ཟླ8པ་ནས2001ལོའི་ཟླ10བའི་བར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

  སྤྱི་ལོ2001ལོའི་ཟླ10བ་ནས2002ལོའི་ཟླ3པའི་བར།  ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའ་ཅི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས།

  སྤྱི་ལོ2001ལོའི་ཟླ12པ་ནས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་རིགས་ཁག་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བདུན་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

  སྤྱི་ལོ2004ལོའི་ཟླ4བར་ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པའི་འགན་བཞེས།

  སྤྱི་ལོ2007ལོའི་ཟླ1པའི་ཚེས31ཉིན། ཡུན་ནན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པར་བདམས།

  ཀྲུང་གུང་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་སྟེང་ཀྲུང་དབྱང་གི་ཨུ་ཡོན་དུ་ཁ་སྣོན་བྱས།  རྒྱལ་ཡོངས་སྐབས་བཅུ་བཞི་དང་བཅོ་ལྔའི་རྗེས་སྣོན་ཨུ་ཡོན་ཡིན།

  སྤྱི་ལོ2011ལོའི་ཟླ11པར་ཀྲུང་གོ་རྩོམ་རིག་མཐུན་ཚོགས་ཀྱི་སྐབས་བཅུ་དགུ་པའི་ཚང་འཛོམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།

<