དཔལ་མགོན།

2019-01-17

 

 དཔལ་མགོན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་སྐྱེས་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་སྲོལ་འབྱེད་མཁན་ནམ་སྒྲ་སྙན་རྡུང་ལེན་གྱི་མཁན་པོ་ཡིན་ལ། སྤྱི་ལོ1970ལོར། ནུབ་བྱང་མི་རིགས་སློབ་གླིང་གི་སྨན་ལས་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་རྨ་ཆུ་རྫོང་འཕྲོད་བསྟེན་ཁང་དུ་ལས་ཀ་གཉེར། སྤྱི་ལོ1974ལོར། རྨ་ཆུ་རྫོང་མི་དམངས་སྨན་ཁང་དུ་འགན་འཛིན་གཞོན་པ་དང་འགན་འཛིན། རྫོང་སྲིད་གྲོས་བཅས་ཀྱི་འགན་བཞེས། བྱ་བའི་ཞོར་དུ་བོད་ཀྱི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་བྱས་རྗེས་བླ་མེད་བཞག  དེ་མིན་གངས་ལྗོངས་ཁུ་བྱུག་སྔོན་མོའམ་བདུད་བྷེ་སོགས་ཕུལ་བྱུང་གི་སློབ་བུའང་མང་བོ་བསྐྱངས།

 
 

 ལོ་རབས70བའི་ནང་ཀན་ལྷོ་ཁུལ་དང་ཀན་སུའུ་ཞིང་ཆེན་གྱི་རིག་རྩལ་སྤྲོ་ཚོགས་གང་མང་ལ་ཞུགས།

སྤྱི་ལོ1981ལོར། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་སྒྲུབ་པའི་འཐུས་མི་ཚོགས་ཆེན་སྟེང་ཁོང་གི་གསར་རྩོམ་ལ་བྱ་དགའ་ཨང་དང་པོ་དང་། སྒྲ་སྙན་རྡུང་ལེན་གྱི་གླུ་གཞས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེའི་རྗེས་སུ་ཁོས་གསར་རྩོམ་བྱས་པའི་རྡུང་ལེན་གླུ་གཞས་དེ་ཀན་ལྷོ་ཁུལ་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་ལྷ་སར་སྡོད་པའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག་སོགས་ཀྱི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ཕྱིར་གཏོང་གནང་བས་རྒྱལ་ཡོངས་ཀྱི་བོད་ཁུལ་ལ་གྲགས།  

 
 

 ཆེད་སྒྲིག་སྒྲ་སྙན་རྡུང་ལེན།

《སྒྲ་སྙན་བཀྲ་ཤིས་རྒྱལ་བོ》《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང》

རྐྱང་གཞས།

《ཨ་ཁུ་པདྨ》《ཤ་ཡུ་མོ་ཤེའུ》《དབྱངས་ཅན་དགྱེས་པའི་སྙན་མགུར》

<