དབང་མོ

2019-01-17

 

  དབང་མོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན་ལ། ཡུལ་དེས་ཁོ་མོར་ཁྱད་ཆོས་ལྡན་པའི་གླུ་ངག་དང་གཤིས་ཀ་བསྩལ་བས། ཁོ་མོའང་ཕ་ཡུལ་ལ་དུངས་པ་ཟབ་མོ་འདུག  དེ་བས་ལྷ་ས་གྲོང་ཁྱེར་ནི་ཁོ་མོའི་བྱ་བཞག་གི་རྐང་འཛུགས་སའི་གཞི་ཡིན་སོང་། གཞས་པ་གཡུང་དྲུང་རྒྱལ་ནི་ཁོ་མོའི་རོལ་དབྱངས་དགེ་རྒན་དང་དབྱང་ལི་ཕེང་ནི་ཁོ་མོའི་ཞབས་བྲོའི་དགེ་རྒན་དུ་གྱུར། དགེ་རྒན་འདི་གཉིས་ནི་ཁོ་མོ་རྒྱལ་ཡོངས་ཀྱི་འཁྲབ་རྩལ་ལས་དོན་ལ་སྣེ་ཁྲིད་བྱེད་མཁན་ཡིན། ཁོ་མོས་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་དང་དེང་རབས་དར་སྲོལ་ཅན་གཉིས་ཟུང་འབྲེལ་བྱས་པའི་ཁྱད་ཆོས་ཀྱིས་ཞལ་འདེམས་པ་དང་ལྟད་མོ་བ་གྲངས་མེད་ཅིག་གི་ཡིད་སེམས་བཀུག་ཡོད། དེ་མིན་གླུ་གར་ལ་འབྲས་བུ་ལེགས་པོ་ཡོད་པར་མ་ཟད། རོལ་ཆས་སྣ་ཚོགས་དཀྲོལ་ལེན་བྱེད་པའི་འཇོན་ཐང་ལྡན།  

 
 

 སྤྱི་ལོ2010ལོར། སྐར་འོད་ལམ་ཆེན་ཞེས་པའི་ལེ་ཚན་དུ་ཞུགས་ནས་ཨང་དང་པོ་བླངས་པ་དང་། ཞིང་ཆེན་རིམ་པའི་བརྙན་འཕྲིན་ལེ་ཚན་མང་བོར་ཞུགས་ནས་གླུ་གཞས་བླངས།

 སྤྱི་ལོ2011ལོར། སི་ཁྲོན་བརྙན་འཕྲིན་གྱི་ཀྲུང་གོའི་བོད་གཞས་ཚོགས་པའི་ལེ་ཚན་གྱི་ཞལ་འདེམས་པ་བྱས་ཤིང་། ཞིང་ཆེན་རིམ་པའི་བརྙན་འཕྲིན་ལེ་ཚན་མང་བོར་ཞུགས་ནས་གླུ་གཞས་བླངས།

 སྤྱི་ལོ2012ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཀྲུང་གོའི་དམངས་གཞས་ལེ་ཚན་དུ་ཞུགས་ཤིང་། ཞིང་ཆེན་རིམ་པའི་བརྙན་འཕྲིན་ལེ་ཚན་མང་བོར་ཞུགས་ནས་གླུ་གཞས་བླངས།

 སྤྱི་ལོ2013ལོར། མི་དམངས་ཚོགས་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས་ཤིང་། ཞིང་ཆེན་རིམ་པའི་བརྙན་འཕྲིན་ལེ་ཚན་མང་བོར་ཞུགས་ནས་1གླུ་གཞས་བླངས།  

 
 

གླུ་གཞས་ཆེད་སྒྲིག

 སྤྱི་ལོ2011ལོར།《དྲན་འཆར》

 སྤྱི་ལོ2013ལོར། 《དྲི་ཟའི་བརྩེ་བ》

རྐྱང་གཞས།

《ཡངས་བའཔ་རྩྭ་ཐང་གི་གཞས་ཆུང》《སྐྱབས་འཇུག》《མཛའ་བརྩེའི་ལས་དབང》

<