འཇམ་དབྱངས་སྒྲོལ་མ།

2019-01-17

 

 འཇམ་དབྱངས་སྒྲོལ་མ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་བོད་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ལ། ཆུང་དུས་སུ་ཁྱིམ་ཚང་གི་འཚོ་བ་ཞན་པས། དམའ་འབྲིང་ལོ་རིམ་གསུམ་པར་བསླེབས་རྗེས་སློབ་གྲྭ་ནས་ཕྱིར་བུད་དེ་རྫོང་ཐོག་གི་ཆང་ཁང་ཞིག་ནས་ཞབས་ཞུའི་ལས་ཀར་ཞུགས། དེའི་སྐབས་སུ་ཆང་ཁང་གི་སྒྱུ་རྩལ་ཚོགས་པར་མི་མཁོ་བའི་རྐྱེན་གྱིས་ཁོ་མོའང་ནང་དུ་བཞག་ནས་གླུ་ལེན་དུ་བཅུག  ཐེངས་ཤིག་ལ་ཆང་ཁང་གི་གསོལ་སྟོན་ཐོག་ཏུ་ཁོ་མོའི་སྐད་ངག་སྙན་མོ་དེ་འགོ་ཁྲིད་ཀྱི་སེམས་ལ་བབས། དེ་ནས་འགོ་ཁྲིད་ཀྱིས་ཁོ་མོ་རྫོང་སྒྱུ་རྩལ་ཚོགས་པར་མཚམས་སྦྱོར་བྱས། རྫོང་སྒྱུ་རྩལ་ཚོགས་པར་ཞུགས་རྗེས་ཁོ་མོས་འབད་འབུངས་ལྷོད་མེད་སྒོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པར་རྒྱུགས་འཕྲོད།  

 
 

སྤྱི་ལོ2005ལོར།《ཁམས་པའི་རྨི་ལམ》འཁྲབ་སྟོན་བྱས།

སྤྱི་ལོ2006ལོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཁྲབ་ཚོགས་སྐབས་གསུམ་པར་ ཞུགས།

སྤྱི་ལོ2009ལོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རིག་རྩལ་སྤྲོ་ཚོགས་ སྐབས་དགུ་བའི་འཁྲབ་སྟོན་ལ་ཞུགས།

སྤྱི་ལོ2010ལོར། བོད་ཀྱི་ལོ་སར་སྤྲོ་ཚོགས་ལ་ཞུགས།

སྤྱི་ལོ2011ལོར། གདོད་མའི་གླུ་གར་རིག་གནས་ཀྱི་གཟབ་རྒྱས་སྤྲོ་ཚོགས་ལ་ཞུགས།

སྤྱི་ལོ2012ལོར། པེ་ཅིང་གི་སློབ་མ་གསར་བ་བསྡུ་བའི་རིག་རྩལ་སྤྲོ་ཚོགས་ལ་ཞུགས།

སྤྱི་ལོ2013ལོར། ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་དཔྱིད་གསར་མཉམ་སྤྲོའི་དགོང་ཚོགས་ལ་ཞུགས།

སྤྱི་ལོ2014ལོར། རིག་གནས་སྒྱུ་རྩལ་གྱི་ལོ་སར་མཉམ་སྤྲོའི་དགོང་ཚོགས་ལ་ཞུགས།

སྤྱི་ལོ2015ལོར། 《དཀར་མཛེས་ཁུལ་དཔྱིད་གསར་རིག་རྩལ་སྤྲོ་ཚོགས》ཞེས་པའི་བྱ་འགུལ་ལ་ཞུགས།  

 
 

སྤྱི་ལོ2005ལོར། གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་མགྲིན་དབྱངས་འཁྲབ་སྟོན་སྐབས་ལྔ་བའི་སྟེང་བྱ་དགའ་ཨང་དང་པོ་བླངས། རྒྱལ་ཡོངས་གྲངས་ཉུང་མི་རིགས་རྐྱང་གཞས་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།

བརྩམས་ཆོས།

གླུ་གཞས་ཆེད་སྒྲིག

སྤྱི་ལོ2008ལོར། 《རི་ལུང་འདི་ཆུ་བོ་འདི།》

སྤྱི་ལོ2009ལོར། 《གསེར་མདོག་གི་འབོད་པ།》

སྤྱི་ལོ2009ལོར། 《ཤར་རྒྱལ་མོ་ཚ་བ་རོང་།》

སྤྱི་ལོ2010ལོར། 《ཀྲུང་གོའི་རང་སྒྲ》

སྤྱི་ལོ2011ལོར། 《གསེར་མདོག་གི་བསླུ་བྲིད།》

རྐྱང་གཞས།

《བཀྲ་ཤིས་པའི་མཆོད་མེ》《ཕལ་བའི་སྙིང་རྗེ》《སྒྲོལ་མ》《ཕ་ཡུལ་དྲན་པ》

གླུ་གཞས་ཆེད་ཚོགས།

སྤྱི་ལོ2012ལོར། གྲངས་ཉུང་མི་རིགས་ཀྱི་ན་གཞོན་གཞས་པ་བཅུའི་ཆེད་ཚོགས།

སྤྱི་ལོ2013ལོར། གཟི་བརྗིད་འབར་བ་ཞེས་བའི་གནམ་འོག་གི་བུད་མེད་བཅུ་ཡི་ཆེས་མཛེས་པའི་གདངས་འབྲིང་ངོམས་པའི་གླུ་གཞས་ཆེད་ཚོགས།

སྤྱི་ལོ2013ལོར། དམངས་གླུ་ཆེད་ཚོགས།

སྤྱི་ལོ2014ལོར། མི་སྣ་གྲགས་ཅན་མང་བོའི་གླུ་གཞས་ཆེད་ཚོགས།

སྤྱི་ལོ2015ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མི་སྣ་ཞེས་པའི་ལེ་ཚན་དུ་ཞུགས།

 

 

 

<