ཟངས་དཀར་རྒྱལ་རབས།

2018-11-21

        

   སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ལྡེ་གཙུག་མགོན་གྱིས་ཟངས་དཀར་གྱི་ས་ཁུལ་དུ་དབང་བསྒྱུར་བྱས་པ་དེའོ། །   

ངོ་སྤྲོད་མདོར་བསྡུས།     

  སྤྱི་ལོ923ལོར་མངའ་བདག་དཔའ་འཁོར་བཙན་སྟག་རྩེ་གཉགས་ཀྱིས་བཀྲོངས། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་ཞང་ཞུང་ཁུལ་དུ་བྲོས་བྲོལ་དུ་བྱོན། སྲས་སྐྱིད་ལྡེ་ཉི་མ་མགོན་ཞང་ཞུང་ཁུལ་དུ་བྲོས་བྲོལ་དུ་བྱོན་ཏེ་མངའ་རིས་དབང་དུ་བསྒྱུར། སྐུ་ན་བགྲེས་སྐབས་ཡབ་མེས་སྲིད་ལ་མི་འཆམ་པར་བོད་སིལ་བུར་ཐོར་བའི་བསླབ་བྱ་མ་བརྗེད་པར།  མངའ་རིས་སྐོར་གསུམ་དུ་ཕྱེ་སྟེ་བུ་གསུམ་ལ་བགོས་པས། སྲས་གསུམ་པོ་ལ་དྭགས་དང་། སྤུ་ཧྲེང་། ཟངས་དཀར་བཅས་ཀྱི་རྒྱལ་པོར་གྱུར་ཏེ། སྟོད་ཀྱི་མགོན་གསུམ་དུ་གྲགས། དེའང་སྲས་ཐ་ཆུང་ལྡེ་གཙུག་མགོན་གྱིས་ཟངས་དཀར་སྒོ་གསུམ་དང་། སྦི་ཏི། སྦི་ལྕོག་བཅས་པར་མངའ་མཛད། དུས་རབས15ནང་དཀར་དཀྱིལ་རྒྱལ་པོས་དྲག་པོའི་བཙན་འཛུལ་ལ་བརྟེན་ཟངས་དཀར་རྒྱལ་རབས་ཉམས་རྒུད་དུ་སོང་། གུ་གེས་ཀྱང་དམག་བཏང་ནས་འཕྲོག་བཅོམ་བྱས་པས་རྒྱལ་རྒྱུད་མ་ཆད་ཙམ་དུ་གྱུར། ཕྱིས་ཡུལ་ཕྱོགས་གཞན་ནས་མི་འབོར་མི་ཉུང་བ་རིམ་གྱིས་གནས་སྤོས་ལ་བརྟེན་བསྐྱར་དུ་དར་རྒྱས་ཆེ་ཙམ་བྱུང་བར་གསུངས།

    ཟངས་དཀར་རྒྱལ་པོའི་གདུང་རབས།     

སྤུ་ཧྲེང་རྒྱལ་རྒྱུད་རིམ་བྱོན།

     དང་པོ།

 

  གཉིས་པ།

 

<