ཡ་རྩེའི་རྒྱལ་རབས།

2018-12-19

 

   ཡ་རྩེའི་རྒྱལ་རབས་ནི་སྤུ་ཧྲེང་རྒྱལ་རྒྱུད་ལས་མཆེད་དེ། སྤུ་ཧྲེང་རྒྱལ་ཐོག་བཞི་བ་འོད་ལྡེར་སྲས་གསུམ་བྱུང་བ་ལས་ཐ་ཆུང་གྲགས་བཙན་ལྡེ་ཡ་རྩེར་བྱོན་ནས་རྒྱལ་སྲིད་བསྐྱངས།

  ཡ་རྩེའི་རྒྱལ་རབས་ནི་སྤུ་ཧྲེང་རྒྱལ་རྒྱུད་ལས་མཆེད་དེ། སྤུ་ཧྲེང་རྒྱལ་ཐོག་བཞི་བ་འོད་ལྡེར་སྲས་གསུམ་བྱུང་བ་ལས་ཐ་ཆུང་གྲགས་བཙན་ལྡེ་ཡ་རྩེར་བྱོན་ནས་རྒྱལ་སྲིད་བསྐྱངས། གྲགས་བཙན་ལྡེ་ནས་ཀ་མལ་ལྡེ་བར་རྒྱལ་ཐོག་བདུན་རིང་ཡ་རྩེའི་རྒྱལ་སྲིད་གཙང་མར་བཟུང་རུང་། ཀ་མལ་ལྡེའི་རྗེས་སུ་སྤུ་ཧྲེང་དང་གུ་གེ་གཉིས་པོའི་དབང་བསྒྱུར་འོག་ས་གནས་འགོ་པའི་ཚུལ་དུ་མུ་མཐུད་གནས་ཤིང་།  རྒྱལ་ཐོག་བཅུ་གཉིས་པ་ན་ར་སིང་ཧ་བར་ལོ་ལྔ་བརྒྱའི་རིང་སྤྱིར་རྒྱལ་བསྟན་དང་། སྒོས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྦྱིན་བདག་ཟླ་དང་བྲལ་བ་ཤ་སྟག་བྱུང་། ཕྱིས་ཀྱི་རྒྱལ་པོ་ཀ་རཉྫ་དང་བྷི་ཥྞི་རཱ་ཛ་གཉིས་སོགས་ཀྱི་རིང་ལ་མུ་སྟེགས་ཀྱི་ཆོས་བཟུང་ནས་མངའ་ཐང་རིམ་གྱིས་ཉམས་རྒུད་དུ་སོང་།

    ཡ་རྩེའི་གདུང་རབས།  

 

    སྤུ་ཧྲེང་རྒྱལ་རབས་ལས་མཆེད་པའི་ཡ་རྩེའི་རྒྱལ་རྒྱུད་རིམ་བྱོན།

 

<