གྲོང་ཁྱེར་གྱི་ཆར་བ།

2018-01-19

 

  མཚན་མོ་དེར།གྲོང་ཁྱེར་ལ་ཆར་བ་བབས་བྱུངང་རང་གྲོང་ཁྱེར་གྱི་སྲང་ལམ་ཤིག་ཏུ་འགྲེང་སྟེགཉིད་ལངས་རྒྱབ་པའི་བྱིས་པ་ཞིག་དང་འདྲ་བརམི་ཚོགས་ཀྱི་བར་གསེང་ནས་མགོ་བོ་མཐོ་རུ་བཏེགས་ཏེཁྱེད་ཀྱི་རྒྱབ་གཟུགས་འཚོལ་བ་ཡིནསྐབས་དེར་གློ་བུར་དུ་ཆར་བ་ཇེ་ཆེར་གྱུར་སོངབར་སྣང་ནས་གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིརམཚན་མོའི་ལམ་འགྲམ་གྱི་གསོམ་སྡོང་དག་ནིསུ་ཞིག་ལ་མྱ་ངན་ཞུ་བ་དང་འདྲ་བརཆར་བས་ལྗིད་ཀྱིས་ཐུར་ཏུ་དཔྱངས་འདུགཆར་བར་བྱོལ་བའི་མི་རྣམས་ནིལག་དུ་ཆར་གདུགས་རེ་བཟུང་ནསབྲེལ་སྟབས་ཀྱིས་ཡུལ་ལ་ལོག་གིན་འདུགམཚན་མོ་དེར་གྲོང་ཁྱེར་ལ་ཆར་བ་བབས་དྲགས་པསརླངས་འཁོར་གྱི་ལྡིར་སྒྲ་དང་མི་རྣམས་ཀྱི་འུར་སྒྲ་འཇགས་ཟིནཀྲོང་ངེར་འགྱིང་བའི་གློག་སྒྲོན་དག་ཀྱང་སྔར་བཞིན་གཟིམས་འདུགཆར་ཆུས་བརླན་པའི་ང་ཁོ་ནསྔར་བཞིན་ཁྱེད་ཀྱི་རྒྱབ་གཟུགས་འཚོལ་ཕྱིརམཚན་མོའི་སྲང་ལམ་ན་མིག་ཟུང་ཅེར་ནས་བསྡད་ཡོད 

  ༢༠༡༦ལོའི་ཟླ༡ཚེས༡༨ཉིན་ལན་གྲུ་ནས། 

  དུས་ཚོད་ཀྱི་ཐག་སྒྲ་ལས་རྙེད་པའི་སྙན་ངག དུས་ཚོད་ཀྱི་འཁོར་མདསཉིན་མཚན་རེས་མོས་སུ་དེད་དེངའི་གློ་སྙིང་ལ་ཡང་དང་ཡང་དུ་གཙེས་ནསང་ལ་དྲན་སྐུལ་གྱི་ཐ་ཚིག་སྒྲོག་གིན་གདའཉི་མ་རེ་རེ་མཛུབ་གུར་བགྲང་ནསམཚར་སྡུག་གི་ཞོགས་པ་རེ་རེ་བསུ་དུསགདུག་རྩུབ་ཀྱིས་ནུར་འགྱངས་བྱེད་པའི་འཁོར་མདའ་དེསགློ་སྙིང་ལ་ཡང་དང་ཡང་དུ་གཙེས་པསང་རང་དུས་ཚོད་ཀྱི་ཐག་སྒྲ་དང་མཉམ་དུ་འདུར་དགོས་བྱུང 

  ༢༠༡༥ལོའི་ཟླ༦པའི་ཚེས༦ཉིན། 

  རྩྭ་ཐང་དྲན་ཚུལ།དུད་སྨུག་གི་ཁེངས་བའི་གྲོང་ཁྱེར་འདིའི་གས་སྲུབས་ནསས་སྲོད་ཀྱི་གྲིབ་གཟུགས་ལ་ཁེན་ཏེཁྱེད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱེད་དུསངས་ད་གཟོད་ཁྱེད་ཀྱི་ཕ་མཐའ་དེགཞལ་མི་ཚར་བའི་འཇིག་རྟེན་ཞིག་ཡིན་པ་རྟོགས་སོངལོ་ཟླ་ག་ཚོད་ཅིག་གི་སྔ་རོལ་ཏུངས་ཁྱོད་དང་གྱེས་ཕྱག་ཕུལ་བ་ནས་བཟུངགློ་བུར་བའི་སེམས་འགྱུ་ཞིག་གིསངས་ཁྱེད་ཀྱི་ཡངས་བའི་ཕ་མཐའ་དངདྭངས་གསལ་གྱི་ནམ་མཁའད་དུང ལུག་ཁྱི་དང་སྤང་རི་དྲན་བྱུངདེའི་མོད་ལ རྫི་མོ་ཞིག་གི་གླུ་སྐད་ཀྱང་དྲན་བྱུང 

  ༢༠༡༥ལོའི་ཟླ༡༢པའི་ཚེས༣༠ཉིན། 

  དབྱིངས་ལ་འཐིམས་པའི་ཁུ་བྱུག                     གངས་ལྗོངས་ཁུ་བྱུག་གདུ་བྷེ་ལ། 

    

  མདང་ནུབ་རྨི་ལམ་ཁུར་བའི་གཤོག་པ་ཞིག་རླུང་གིས་བཅད་སོང་།

  ནམ་འཕང་གཅོད་པའི་རྒོད་པོ་ཞིག་གཡང་ལ་ལྷུང་སོང་།

  མེས་པོའི་ཟུངས་ཁྲག་ལ་འཐིམས་པའི་དབྱངས་རྟ་ཞིག་དུམ་བུར་ཆད་སོང་།

  རེ་ཐག་ཆད་པའི་འདབས་ཆགས་ཚོགས་ཀྱང་ཕྱིར་ཚང་མལ་དུ་ལོག

  སྐྱོ་ཉམས་ཀྱི་ཁེངས་བའི་འབྲོང་རྒན་དག་ཀྱང་རྫ་ལམ་བཤར་སོང་།

  དབྱངས་ལ་བརྒྱུས་པའི་གསེར་སྐུད་ཕྲ་མོ་རེ་རེ་འཕྲོ་རིམ་འཕྲོར་ཆད།

  གར་ཡོང་མི་ཤེས་པའི་རླུང་འཚུབ་ཞིག་གཡུགས་པ་དེས།

  འཇིག་རྟེན་འདིའི་རོལ་དབྱངས་ཐམས་ཅད་ཁྱུར་མིད་དུ་བཏང་།

  སྟོང་ལྷང་ངེར་ལུས་པའི་འཇིག་རྟེན་འདིར་ཁེར་ཧྲེང་གི་སྣང་བ་ཞིག་ལས་ཅི་ཡང་མེད།

  གངས་ཀྱི་ཁུ་བྱུག་དབྱིངས་ལ་འཐིམས་པའི་མཚན་ནུབ་དེ་ནས་བཟུང་།

  

  འཇིག་རྟེན་ནི་ཉིན་མཚན་མི་གསལ་བའི་ནམ་མཁའ་སྟོང་བ་ཞིག་རེད།

  འཁྱག་སིབ་སིབ་ཀྱི་དགུན་ཁའི་ནམ་ཟླའི་པང་དུ།

  རྒྱ་ལྕང་གིས་ཀྱང་མགོ་བོ་ཐུར་དུ་དཔྱངས་ནས་མྱ་ངན་ཞུས།

  གྲང་ལྷག་གིས་མནར་བའི་ཤུག་སྡོང་ཁེར་སྐྱེས་དག་གིས་སྐྱོ་བའི་ཤུགས་རིང་འབྱིན།

  བརྗེད་ཐབས་མེད་པའི་མཚན་སྨག་དེར།

  དབྱངས་ཀྱི་གད་རྒྱངས་སྒྲོག་པའི་ཁུ་བྱུག་དེས།

  ཡལ་ཐབས་མེད་པའི་ན་ཟུག་སྐྱུར་མོ་ཞིག་བཞག་ནས།

  ཕྱིར་ཡོང་མེད་པའི་རྒྱང་རིང་གི་གནས་མལ་དེར་བཞུད་སོང་།

<