བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཧོ་ནེ་དབྱིའི་ཐུག་འཕྲད་སྔ་སྣུར་དུ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་པོའི་བར་ལ་གྲོས་ཆོད་གང་རུང་ཞིག་ལའང་གྲོས་མཐུན་བྱུང་མེད་པ།

2019-03-01

 

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་༢པའི་ཚེས་༢༨ཉིན་དུས་ཡུན་ཉིན་གཉིས་རིང་གི་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུགས་འཕྲད་ཐེངས་གཉིས་པ་དེ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧོ་ནེ་དབྱི་རུ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་པོའི་བར་ལ་འབྲེལ་ཡོད་གྲོས་ཆོད་གང་རུང་ཞིག་ལའང་གྲོས་མཐུན་འཇོག་ཐུབ་མེད་པ་རེད། ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུས། ད་ཐེངས་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱས་པར་མཛའ་གྲོགས་ཀྱི་རྣམ་པས་ཕྱུག་མོད། འོན་ཀྱང་ཕྱོགས་གཉིས་པོས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་མེད་པ་ཅན་གྱི་མདུན་ལྗོངས་དང་ཨ་རིས་ཁྱོན་ཡོངས་བྱང་ཁོ་རེ་ཡར་བཀག་སྡོམ་བྱས་པ་མེད་པ་བཟོ་རྒྱུ་སོགས་ཀྱི་ཐད་ལ་འགལ་ཟླ་སྔར་བཞིན་ལྷག་འདས་ཡོད་ཅེས་གསུངས་པ་རེད།

  བྱང་ཁོ་རེ་ཡའི་ཕྱོགས་ནས་མིག་སྔར་ད་དུང་ཐེངས་འདིའི་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་འཁྲིད་པའི་ཐུག་འཕྲད་ཀྱི་མཇུག་འབྲས་གང་ཡང་སྤྱི་བསྒྲགས་བྱས་མེད་ལ། ཨ་རིའི་ཕྱོགས་ལ་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་ཀྱི་རྣམ་འགྱུར་ཐད་ལ་ལན་ཆ་གང་ཡང་བྱས་མེད་པ་རེད།

  སྤྱི་ཟླ་༢པའི་ཚེས་༢༨ཉིན་ཀྲུང་གོའི་ཕྱི་འབྲེལ་པུས། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་མུ་མཐུད་དེ་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་བསྐྱར་སྤེལ་བྱས་ཏེ། རང་སོ་སོའི་དྲང་སེམས་ཕན་ཚན་གསལ་འགྲེལ་བྱེད་རྒྱུ་དང་། ཕན་ཚུན་བར་གྱི་ལུགས་མཐུན་གྱི་གནད་དོན་ཐད་ལ་བརྩི་འཇོག་ཏན་ཏིག་བྱེད་རྒྱུ། ཐུན་མོང་ཐོག་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་གྱི་ཞི་བདེའི་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་དེ་དོན་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

<