ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཕུར་མདའི་འཇབ་རྒོལ་སྤེལ་རྒྱུའི་འཇིགས་སྐུལ་བྱས།

2019-03-18

  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། གལ་ཏེ་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧི་ཐེ་ཏཱ་རུ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱེད་རྩིས་ཡོད་ན། དྲག་ཆས་རྩ་འཛུགས་དེས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ལ་འཕུར་མདའི་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར།  

  ཧུའུ་སེ་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཉིན་དེར་སཱ་ནཱ་ནས་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་འཚོལ་སྡུད་བྱས་པའི་གསང་འཕྲིན་ལྟར་ན། དགྲ་བོས་ཧི་ཐེ་ཏཱའི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གཏོང་རྩིས་ཡོད་པ་དང་། ང་ཚོའི་དམག་དཔུང་གིས་དུས་ངེས་མེད་དུ་ཧི་ཐེ་ཏཱ་ལ་དམིགས་པའི་དཔུང་འཇུག་གལ་ཆེན་གང་ཡིན་ལ་རྒོལ་ལན་སྤྲོད་པའི་གྲ་སྒྲིག་བྱས་ཡོད་ཟེར།

  ཁོས་བསྟན་དོན། ཧུའུ་སེ་དྲག་ཆས་པའི་སྒྲིག་ཆས་སྔར་ལས་སྔོན་ཐོན་ཡིན་པ་དང་། ང་ཚོའི་ཆམ་ཕབ་གཏོང་བའི་དམིགས་འབེན་དེ་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སར་རྒྱུན་བསྲིང་ཐུབ་ཟེར།

<