ཚ་ཁུལ་གྱི་རླུང་འཁྱིལ་“དབྱི་ཏའེ”ཡིས་ཙམ་པབ་ཝེ་ཡི་ཤར་ཕྱོགས་སུ་མི་70འཆི་བའི་དོན་རྐྱེན་བཟོས་པ།

2019-03-19
༄༅།།ཚ་ཁུལ་གྱི་རླུང་འཁྱིལ་“དབྱི་ཏའེ”ཡིས་ཙམ་པབ་ཝེ་ཡི་ཤར་ཕྱོགས་སུ་མི་70འཆི་བའི་
དོན་རྐྱེན་བཟོས་པ།
 ཟླ་3ཚེས་17ཉིན་གྱི་དགོང་མོར། ཙམ་པབ་ཝེ་ཡི་དཔོན་རིགས་ཀྱིས་བཤད་དོན། ཚེས་15ཉིན་གྱི་དགོང་མོ་ནས་བཟུང་། རྒྱལ་ཁབ་དེར་ཚ་ཁུལ་གྱི་རླུང་འཁྱིལ་“དབྱི་ཏའེ”ཡི་ཤུགས་རྐྱེན་ཕོག་ནས་ཙམ་པབ་ཝེར་མི་70འཆི་བ་དང་། མི་བརྒྱ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད། མིག་སྔར། རླུང་འཁྱིལ་གྱི་ལྟེ་གནས་ཙམ་པབ་ཝེ་ནས་བྲལ་ཟིན་པ་དང་། གེགས་སྐྱོབ་ལས་དོན་སྤེལ་བཞིན་པའི་སྒང་ཡིན་ཞེས་བཤད་པ་རེད།
<