ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་བཅས་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

2019-03-11

ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།  

ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

  ཟླ་གསུམ་པའི་ཚེས་བཅུ་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་བཅས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་བསྟན་དོན། ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་གཏན་འཁེལ་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་ཡིན་ལ། དེ་ལས་ཏང་དང་མི་དམངས་ཀྱིས་དུས་རབས་གསར་པའི་ནང་བཅོས་སྒྱུར་སྒོ་འབྱེད་ལག་བསྟར་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་སྔར་ལས་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་དཔལ་འབྱོར་ལ་སྟོབས་ཆེ་ཞིང་མང་ཚོགས་ཕྱུག་པ་དང་ཁོར་ཡུག་མཛེས་པ། སྤྱི་ཚོགས་དཔལ་ཡོན་ལྡན་པའི་ཅང་སུའུ་གསར་བ་སྔར་ལས་འཛུགས་སྐྲུན་བྱེད་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་བྱ་བའི་ཐད་གནང་བའི་རྒྱས་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་བྱ་བའི་གནད་ས་གསལ་བོར་ཤེས་པར་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བའི་རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དུ་གཏོང་དགོས་ལ། དགོན་པའི་དོ་དམ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་དབུལ་ཐར་མཁྲེགས་གཏོར་སྤུས་ཚད་སྔར་ལས་ཇེ་མཐོར་བཏང་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་སྔར་ལས་བརྟན་འཇགས་དང་འཆམ་མཐུན་ཡོང་བ་དང་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་བསྟན་དོན། ཞིན་ཅང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་རིགས་མི་འདྲ་བའི་སློབ་གསོ་ལེགས་སྒྲུབ་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ནན་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཧེ་ནན་ཞིང་ཆེན་གྱི་སྐོར་ཐེངས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་གཏན་འཁེལ་བྱས་པའི་འཐབ་ཇུས་གཏན་གནས་གསལ་བོར་ཤེས་པར་བྱས་ཏེ། གོ་སྐབས་དམ་འཛིན་དང་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་དགོས་ལ། རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་དབང་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱེད་དགོས། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུལ་སྤེལ་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཆ་ཚང་དུ་བཏང་ནས། ནུས་ལྡན་ཕན་ཡོད་སྒོས་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་ལྟ་སྐུལ་དང་འགན་སྲུང་བྱེད་དགོས་ཟེར།

<