རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་གྲོལ།

2019-03-15

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་གྲོལ། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།  

  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཚོགས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ། མུ་མཐུད་དུ་འབད་འཐབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་བྱ་བའི་རེ་བ་དངོས་འབེབས་གང་ལེགས་བྱེད་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་རང་རྒྱལ་དེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། མཇུག་སྒྲིལ་གྲོས་ཚོགས་དངོས་སུ་འགོ་བརྩམས་པ་དང་གྲོས་ཚོགས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིག་ཆི་པོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀོང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞོ་ཀོང་། ལེང་ཀྲིན་དབྱིན། ཞ་པོ་ལུང་། དབྱང་ཁྲོན་ཐང་། ལིས་པིན། པ་ཐར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙོ། ལིག་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀོ་ཡུན་ལུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

  ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

  ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་བརྒྱ་དང་ང་བདུན་ཡོད་པ་དང་ཉིན་དེའི་ཚོགས་འདུར་ཨུ་ཡོན་སྟོང་གཉིས་བརྒྱ་དང་ཉེར་གསུམ་ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཁྱབ་སྒྲོག་མཛད།

  ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

  ཝང་དབྱང་གིས་གསུང་བཤད་ལས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་སྐབས་སུ་ཚོགས་པ་ཡིན་པས། ཀྲུང་གུང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་འབྲེལ་ཡོད་ཕྱོགས་སོ་སོས་རྒྱབ་སྐྱོར་ཆེན་པོ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ལས་རིགས་ཁ་ཤས་ཀྱི་ཚན་ཆུང་ལ་ཞུགས་ཏེ་བསམ་འཆར་དང་བསམ་ཚུལ་ལ་ཉན་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་ལ་མཉམ་གྲོས་བྱས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཤིང་གྲོས་མོལ་ཟབ་མོ་བྱས་པ་དང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། གྲོས་ཚོགས་ནས་དམངས་གཙོ་དར་སྤེལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་པ་དང་དེ་ནི་བདེན་འཚོལ་དངོས་གཉེར་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་མངོན་པར་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཤུགས་མངོན་པར་བྱས་ཡོད་ཟེར།

  ཝང་དབྱང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡང་ཡིན། ལོ་བདུན་ཅུའི་རིང་ལ། མི་དམངས་སྲིད་གྲོས་ཧུར་ཐག་སྒོས་ཀྲུང་གོ་གསར་བ་འཛུགས་པ་དང་ཀྲུང་གོ་གསར་བའི་འཛུགས་སྐྲུན། བཅོས་སྒྱུར་བགྲོད་ལམ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཞུགས་པ་དང་འོད་སྟོང་འབར་བའི་ལོ་རྒྱས་བརྒྱུད་རིམ་ཁྲོད་དུ་ཞུགས་ནས་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བསྐྲུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་མི་དམངས་སྲིད་གྲོས་ཀྱི་སྟེགས་བུ་སྔར་ལས་ཡངས་ཤིང་འགན་འཁྲི་སྔར་ལས་ལྕི་བས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཕྱོགས་གནས་གསར་བ་གསལ་བོར་ཤེས་པར་བྱེད་དགོས་ལ། འདུ་ཤེས་དང་གཏན་ཤུགས་བརྩི་སྲུང་བྱེད་པ་དང་ཉམས་མྱོང་དང་བློ་གྲོས་དང་ལེན་བྱས་ནས། མི་དམངས་སྲིད་གྲོས་ལས་དོན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།  སློབ་སྦྱོང་ལ་བརྩི་མཐོང་དང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཚན་རིག་རིགས་གཞུང་དྲག་ཆས་གྲུབ་འབྲས་དེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རུ་བསྒྱུར་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆའི་འོག་ཏུ་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། གསར་སྐྲུན་ལ་བརྩི་མཐོང་དང་སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་གྲོས་མོལ་དམངས་གཙོ་ལམ་ལུགས་ཀྱི་གོ་རིམ་དང་བཀོལ་སྤྱོད་རྣམ་པ་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་བ་དང་སྔར་ལས་སྲ་བརྟན་གྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ལ་བརྩི་མཐོང་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། ཕྱོགས་གཉིས་ཀར་ཤུགས་འདོན་པའི་བྱ་བ་ལེགས་བསྒྲུབ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལ་ཞབས་ཞུ་བསྒྲུབ་པའི་མཉམ་ཤུགས་གཅིག་སྡུད་བྱས་ནས་རེ་འདུན་ཆེན་པོ་མངོན་འགྱུར་བྱེད་དགོས་ཟེར།

  ཝང་དབྱང་གིས་བསྟན་དོན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་དུས་རབས་གསར་པའི་ཁྱད་ཆོས་ཡོད་དགོས་པ་དང་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་ལ་དུས་རབས་གསར་པའི་སྣང་བརྙན་ཡོད་དགོས། ཨུ་ཡོན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་གཙོ་བོ་སྤྱིའི་བྱང་ཚད་དང་འགན་འཁྲི་ལག་བསྟར་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། འགན་འཁྲི་གསར་བ་དང་ལེན་བྱེད་པ་དང་གཟི་བརྗིད་གསར་བ་བསྐྲུན་དགོས། འབད་འཐབ་མཁན་གྱི་རྣམ་འགྱུར་དང་ངར་ཤུགས་སྲུང་འཛིན་བྱས་ཏེ། སྤོབས་པ་ཆེན་པོས་ཁག་ཁུར་དང་འཐབ་རྩོད་ལ་མཁས་པ་དང་ནམ་ཡང་མཚམས་མི་འཇོག་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་རྒྱལ་དོན་ལ་དོ་འཁུར་དང་དམངས་ཚིས་ལ་དོ་སྣང་བྱེད་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་ཁྲོད་ཞུགས་མཁན་དང་དེ་ལག་ལེན་དང་སྐུལ་འདེད་མཁན་བཟང་བོ་བྱེད་དགོས་ལ། ལོ་རེའི་ཨུ་ཡོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས་དུས་རབས་ཀྱིས་གནང་བའི་རྒྱུགས་ཤོག་ལ་རྒྱུགས་འབྲས་ལེགས་པོ་ལེན་པ་དང་། དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་མངོན་པར་བྱེད་པར་མ་ཟད་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

  ཝང་དབྱང་གིས་མཇུག་མཐར་གསུངས་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོརར་བའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་ཀྱིས་མི་རབས་ནས་མི་རབས་བརྒྱུད་དེ་བསྐྲུན་པ་ཡིན་ལ། མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་སོང་བ་དེ་ཡང་སྐབས་རིམ་བྱུང་གི་སྲིད་གྲོས་ཨུ་ཡོན་གྱིས་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེང་སྟེ་མུ་མཐུད་དུ་འབད་འཐབ་བྱེད་པ་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་བྱ་བའི་རེ་བ་དངོས་འབེབས་གང་ལེགས་བྱེད་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་རང་རྒྱལ་དེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

  མཇུག་སྒྲིལ་གྲོས་ཚོགས་ལ་ཞུགས་པའི་འགོ་ཁྲིད་བློ་མཐུན་ད་དུང་ཏེན་ཞའོ་ཞང་དང་ཝང་ཁྲིན། ལིག་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧོང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚེ་ཆི། ཡུག་ཆོན་སོགས་ཡོད།

  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་མཇུག་སྒྲིལ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་དང་། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་དང་གསར་འགྱུར་དཔོན་པོ།  ཕྱི་སྡོད་རང་མི་སོགས་གདན་དྲངས་པ་ལྟར་མཇུག་སྒྲིལ་གྲོས་ཚོགས་ལ་ཞུགས། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཇུག་སྒྲིལ།

<