ནུབ་བྱང་སློབ་ཆེན་གྱི་ལས་ཞུགས་སྒོ་རྩིས་ཚོང་ཁང་གིས་གནད་འཕིགས་ལས་འཚོལ་ལ་རོགས་རམ་བྱས།

2019-03-18

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ནུབ་བྱང་སློབ་ཆེན་གྱིས་བཏོན་པའི་ལས་ཞུགས་སྒོ་རྩིས་ཚོང་ཁང་ཞེས་པས། སློབ་མའི་ལས་འཚོལ་རེ་འདུན་བསྡུ་ལེན་དང་མི་དགོས་མཁན་ལས་ཁུངས་ཀྱི་དགོས་མཁོའི་ཆ་འཕྲིན་ལྡོག་སྐྱེལ་བྱས་པ་དང་། ཆ་འཕྲིན་འདི་དག་ལ་གཞིགས་ནས་མཐར་ཕྱིན་སློབ་མ་དང་འཚམ་པའི་ལས་བསྡུ་ལས་ཁུངས་ལ་འབྲེལ་བ་བྱས་ནས། ལས་བསྡུའི་འདུ་ཚོགས་སྤེལ་བཞིན་ཡོད་པ་རེད། འདི་ལས་གཞན་ད་དུང་། དུས་ཡུན་ངེས་མེད་ནང་ལས་ཞུགས་ཤར་བགྲོད་རླངས་འཁོར་ཤར་བཏང་བྱས་ཏེ། སློབ་མ་རྣམས་ཁེ་ལས་དང་མི་དགོས་མཁན་ལས་ཁུངས་སུ་ལྟ་སྦྱོང་བྱེད་དུ་འགྲོ་རུ་བཅུག་ནས། སྔོན་ལ་ལས་ཀའི་ཁོར་ཡུག་ལ་རྒྱུས་ལོན་བྱས་པ་དང་། མི་དགོས་མཁན་ལས་ཁུངས་ཀྱི་དགོས་མཁོ་དང་སློབ་མའི་ལས་འཚོལ་གྱི་རེ་འདུན་གཉིས་འབྲེལ་མཐུད་གང་ལེགས་ཡོང་བ་མངོན་འགྱུར་བྱས་ཡོད་པ་རེད།

<