རྒྱལ་ཡོངས་ཀྱི་སྒྲིག་འགལ་ཁང་པའི་གནད་དོན་གཙང་བཤེར་དང་བཅོས་སྐྱོང་ཐད་འཕེལ་རིམ་མངོན་གསལ་ཐོབ་པ།

2019-03-18

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྒྲིག་འགལ་ཁང་པའི་གནད་དོན་ཆེད་དོན་གཙང་བཤེར་དང་བཅོས་སྐྱོང་གི་བྱ་སྤྱོད་སྤེལ་བ་ནས་བཟུང་། ས་ཁུལ་ཁག་གིས་རྩད་ཞིབ་གཏིང་ཟབ་ལན་མང་སྤེལ་བ་བརྒྱུད་ཁུངས་ལོན་པ་བྱས་ཤིང་། སྤྱི་ཟླ་༣པའི་ཚེས་༡༧ཉིན་བར་དུ། རྒྱལ་ཡོངས་དུ་སྒྲིག་འགལ་ཁང་པའི་གནད་དོན་ཁྱོན་ཆིག་འབུམ་དྲུག་ཁྲི་བརྒྱད་སྟོང་ཡས་མས་ཤེས་གསལ་བྱུང་བ་དང་། རྨོ་ཞིང་མུའུ་ཆིག་འབུམ་སུམ་ཁྲི་བཟུང་ཡོད་པ་རེད། བཅོས་སྒྲིག་ལས་དོན་ས་ཁུལ་ཁག་ཏུ་ཁྱོན་ཡོངས་ནས་སྤེལ་བ་དང་། རྩད་ཞིབ་བྱུང་ཟིན་པའི་སྒྲིག་འགལ་ཁང་པའི་གནད་དོན་བརྒྱ་ཆ་༨༠ལེགས་བཅོས་བྱས་ཚར་ཡོད་པ་རེད།

    ཞིང་ལས་གྲོང་གསེབ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ་ཡིས་ས་ཁུལ་ཁག་གིས་ལེགས་བཅོས་བྱེད་ཚད་མགྱོགས་སུ་གཏོང་བ་དང་། ཟམ་མི་ཆད་པར་ལེགས་བཅོས་བྱེད་ཞོར་དུ་རྩད་ཞིབ་བྱེད་རྒྱུ་སྐུལ་སྤེལ་གཏོང་བ། གཞི་རིམ་དང་དོན་དག་ལ་འབྲེལ་བ་ཡོད་མཁན་གྱིས་རྨོ་ཞིང་གི་སྤུས་ཚད་ཚད་གཞི་ལྟར། ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་ནས། སྤྱད་བཟུང་བྱས་ཡོད་པའི་རྨོ་ཞིང་གི་ཞིང་ལས་ཐོན་སྐྱེད་ཀྱི་ནུས་པ་མགྱོགས་མྱུར་ངང་སླར་གསོ་བྱེད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

 

 

  

<