ལིས་ཁི་ཆང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས།

2019-03-19

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས་པར་མ་ཟད་སྲིད་འཛིན་ཁྲིམས་སྲོལ་མང་པོ་ཞིག་གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱས།

  སྒྲིག་གཞི་བཅོས་སྒྱུར་ཕྱོགས་ནས། གཅིག ཕྱིར་གཏོང་ནང་འདྲེན་དངོས་བོའི་ཐོག་མའི་ཐོན་སྐྱེད་ས་གནས་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་ཉེར་དགུ་ལ་བཟོ་བཅོས་བྱས། གཉིས། སྤྱི་ཚོགས་རྒུད་སྐྱོབ་གནས་སྐབས་ལག་བསྟར་བྱེད་ཐབས་སོགས་སྲིད་འཛིན་ཁྲིམས་སྲོལ་བརྒྱད་ལ་བཟོ་བཅོས་བྱས། གསུམ། རྒྱལ་ཡོངས་ཀྱི་བཙོ་བཟོ་མགོ་ཁོངས་ཁྱབ་བཤེར་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་བཞི་ལ་བཟོ་བཅོས་བྱས། བཞི། ཚོང་འགུག་དངུལ་འདྲེན་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་བཞི་ལ་བཟོ་བཅོས་བྱས།

  དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ཕྱོགས་ནས། གློག་ཤུགས་མཁོ་འདོན་དང་བཀོལ་སྤྱོད་སྲོལ་སོགས་སྲིད་འཛིན་ཁྲིམས་སྲོལ་བཅུ་བཞི་ལ་བཟོ་བཅོས་བྱས།

<