ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ལོ་ཝའོ་རྒྱལ་བཙུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་སེ་སུང་ཕིན་ལ་མཇལ་ཕྲད་གནང་།

2019-03-20

1553049728534779.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས19ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་སེ་སུང་ཕིན་ལ་མཇལ་ཕྲད་གནང་། 

  ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ལོ་ཝའོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་བཅས་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་ཚད་མཐོ་བའི་གདེང་འཇོག་བྱེད་ཀྱིན་ཡོད་པར་མ་ཟད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་གཅིག་གྱུར་ངོས་ཟིན་མཛུབ་སྟོན་དུ་བཟུང་ནས། ཀྲུང་གོ་དང་ལོ་ཝའོ་གཉིས་ཀྱི་འཛུགས་སྐྲུན་ལ་ལས་སྐལ་ཐུན་མོང་ཚོགས་པའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པར་བྱས་ནས། ཕན་ཚུན་སྲོག་ཤིང་ཁེ་ཕན་ཏུ་གྱུར་བའི་གནད་དོན་གལ་ཆེན་ཐད་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱ་དགོས། རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་སྔར་ལས་མང་པོ་སྐྲུན་དགོས་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ལོ་ཝའོ་ཡི་ཁྲིམས་འཛུགས་སྒྲིག་སྲོལ་ལ་སྔར་ལས་བརྗེ་རེས་གཏིང་ཟབ་བྱས་ཏེ། ཕྱོགས་གཉིས་ཀྱི་གཏིང་ཟབ་མཉམ་ལས་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པའི་རེ་བ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  སེ་སུང་ཕིན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་འཛུགས་སྐྲུན་བྱས་ནས། རྒྱུད་གཅིག་ལམ་གཅིག་གིས་ལོ་ཝའོ་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་ཐུབ་པར་ཡིད་ཆེས་ཡོད་ཟེར། ཧྲིན་ཡའོ་ཡའོ་མཇལ་འཕྲད་ལ་ཞུགས། 

<