ཟླ ༣ པའི་ཚེས ༨ ཉིན། བུད་མེད་དུས་ཆེན་སྐབས་ཀྱི་དམིགས་བསལ་ལེ་ཚན་ཐད་གཏོང་།

2019-03-08

 བུད་མེད། དེ་རིང་དགོང་མོར། བུད་མེད་བཞི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་པེ་ཅིན་སྒྲོག་གཏོང་ཁང་དུ་ཕེབས་ནས་བུད་མེད་དུས་ཆེན་མཉམ་རོལ་བྱ་རྒྱུ་རེད། ང་ཚོས་དྲྭ་ལམ་བརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན། སྒེག་ཉམས་ལྡན་པའི་བུད་མེད་རྣམ་པ། ཁྱེད་ཚོས་ད་ལོའི་བུད་མེད་དུས་ཆེན་དེ་ཅི་འདྲ་གཏོང་རྒྱུ་ཡིན། ཁྲོམ་ལ་འཆམ་འཆམ་དུ་འགྲོ་རྒྱུ་དང་། ཡང་ན་གྲོགས་མོ་རྣམས་དང་ལྷན་འཛོམས་བྱ་རྒྱུ་ཡིན། དེ་མིན་ན་གློག་བརྙན་ལྟ་འགྲོ་རྒྱུ་ཡིན་ནམ། དེ་ཡང་ངས་བལྟས་ན་གྲོགས་མོ་མང་ཆེ་བ་ང་དང་འདྲ་བར་རང་གི་ལས་གནས་བརྟན་སྲུང་བྱས་ནས་ལས་ཀར་འབད་རྒྱུ་རེད་བསམ། འདི་ནི་དུས་རབས་གསར་པའི་བུད་མེད་རྣམས་ཀྱི་རྣམ་པ་གསར་པ་ཞིག་རེད།

  བུད་མེད་དུས་ཆེན་ལ་ངལ་གསོ་བྱེད་མ་ཐུབ་ནའང་སྐྱོན་མེད་དེ། ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱ་ཆེའི་བུད་མེད་རྣམས་ལ་དུས་ཆེན་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཡོད་ལ། དོ་དགོང་གི་དྲྭ་ཚིགས་ཐད་གཏོང་བརྒྱུད་ནས་ཁྱེད་རྣམ་པར་འབུལ་རྒྱུ་ཡིན།

  ད་ལྟ་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་བཞིན་པའི་སྒང་རེད། ང་ཚོས་ཆེད་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཨན་ལན་དང་ལི་ཅིན་ལེན་བཅས་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་པེ་ཅིན་སྒྲོག་གཏོང་ཁང་ནང་གདན་དྲངས་ནས། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་དང་མཉམ་དུ་བུད་མེད་དུས་ཆེན་གཏོང་རྒྱུ་ཡིན།

  མཚམས་འདི་ནས་ཁྱེད་རྣམ་པར་གསང་བ་ཞིག་བཤད་རྒྱུ་ཡོད། དོ་དགོང་སྒྲོག་གཏོང་ཁང་ནང་ཕེབས་པའི་བུད་མེད་བཞི་ནི་ས་ཆ་དང་མི་རིགས་མི་འདྲ་བའི་བུད་མེད་བཞི་རེད། དེ་ནི་མི་རིགས་མི་གཅིག་པའི་རིག་གནས་སྤེལ་རེས་དང་། བུད་མེད་བར་གྱི་ཁ་བརྡ་གླེང་མོལ་གྱི་དགའ་འཛོམས་ཐེངས་ཤིག་ཡིན། དེ་རིང་དགོང་མོའི་དྲྭ་ཚིགས་ཐད་གཏོང་འདི་ལ་ངོ་མ་ལྟད་མོ་ཆེན་པོ་ཡོད་རྒྱུ་རེད།

  དེ་རིང་དགོང་མོར། ཁོང་ཚོས་ཁ་བརྡ་ཅི་ཞིག་བྱ་རྒྱུ་ཡིན་ནམ། ཕ་ཡུལ་གྱི་ཁྱད་ཆོས། འཚོ་བའི་ཁྲོད་ཀྱི་དོན་དག དེ་མིན་ལས་ཀའི་དཀའ་ཁག ཡང་ན་ལུས་ཀྱི་ཚོ་བ་བྱང་དུ་འཇུག་པའི་སྐོར་གླེང་རྒྱུ་ཡིན་ནམ། གལ་སྲིད་ཁྱེད་ཀྱང་ང་དང་འདྲ་བར་ཁོང་ཚོས་ཅི་ཞིག་ཁ་བརྡ་བྱ་རྒྱུར་ཤེས་འདོད་ཡོད་པ་དང་། ཡང་ན་ཁྱེད་ཀྱི་གཏམ་རྒྱུད་དེ་ཚང་མར་བཤད་འདོད་ཡོད་ན། ཚང་མས་ཐད་གཏོང་གི་གོ་རིམ་ཁྲོད་དྲ་ལམ་ཐོག་སྐད་དང་ཡི་གེ་འཇོག་ནས་ང་ཚོ་དང་མཉམ་དུ་བུད་མེད་དུས་ཆེན་དགའ་གཏོང་བྱེད།       

  དེ་ཡང་སྔོན་མ་ནང་བཞིན། གཤམ་གྱི་ནང་དོན་རྣམས་ཚང་མས་སེམས་སུ་འཛིན་རོགས། རང་གི་གྲོགས་པོ་དག་ལའང་བཤད་རོགས་ཞུས། 

  ཐད་གཏོང་གི་དུས་ཚོད། ཟླ ༣ པའི་ཚེས ༨  ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ  

  ཐད་གཏོང་སྟེགས་བུ། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས། 

  ཐད་གཏོང་སྦྲེལ་སྣེ།  http://mudu.tv/watch/2918955

  ཆེད་དུ་གསལ་བཤད་བྱེད་དགོས་པ་ཞིག་ནི། དོ་དགོང་གི་ཐད་གཏོང་འདིར་རྒྱ་ཆེའི་སྐྱེས་པ་རྣམས་ཀྱིས་གསན་གཟིགས་གནང་བ་དང་། ཆབས་ཅིག་ཏུ་ང་ཚོར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་འབུལ་བ་ལ་ཡང་དགའ་བསུ་ཆེན་པོ་ཡོད།

 

ཁམས་པའི་བརྙན་འཕྲིན་ཁང་གི ༢༠༡༩ ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཕྲིན་སྦྱོར་ཀུན་འདུས་སྒྲོག་གཏོང་ཚོ་ཆུང་ནས།

པར་རིས་དག་དྲྭ་ཚིགས་ནས་ཕབ་ལེན་བྱས།

<