ཨུ་ཡོན་བཀྲ་ཤིས་ཀྱིས་གསུངས་དོན། བོད་དུ་ཆེས་མཛེས་ཤོས་ཀྱི་འཛུགས་སྐྲུན་ནི་སློབ་གྲྭ་ཡིན།

2019-03-11

601128_yis_1552193912412.jpg

འདི་ནི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་ཀྱིས“ཨུ་ཡོན་གྱི་བགྲོད་ལམ”ཐོག་ཕེབས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ། 

  ཟླ་3ཚེས་9ཉིན་གྱི་ཆུ་ཚོད་14ཡི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི“ཨུ་ཡོན་གྱི་བགྲོད་ལམ”ཐེངས་གཉིས་པ་ཤར་གཏོང་བྱས་ནས་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས“ཨུ་ཡོན་གྱི་བགྲོད་ལམ”ཐོག་ཕེབས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ། 

  སྨྱན་སྦྱོར་གྱིས་བཅར་འདྲི་བྱེད་འགོ་ཚུགས་པ་དང་སྦྲགས་གསར་འགོད་པ་ཞིག་གིས“ད་ཆ་ཕྲུ་གུ་སློབ་གྲྭར་འགྲོ་བའི་ཆ་རྐྱེན་གང་འདྲ་ཡོད་དམ། ལོ་དེ་དག་ནང་སློབ་གྲྭར་འགྱུར་ལྡོག་གང་དག་བྱུང་ཡོད་དམ”ཞེས་དྲིས་པར། བཀྲ་ཤིས་ཀྱིས་བོད་སྐད་ཐོག་ནས་རང་ཉིད་དགེ་རྒན་གྱི་ལས་ལ་གཞོལ་ནས་ལོ་30སོང་རིང་མིག་མཐོང་ལག་ཟིན་བྱུང་བའི་བོད་ཀྱི་སློབ་གསོའི་བྱ་གཞག་གི་ཡར་རྒྱས་ལྷུག་པོར་གླེང་གནང་ཞིང་། ཁོང་གིས་ང་དགེ་རྒན་བྱེད་སའི་སློབ་གྲྭ་དེ་1990ལོར་བཙུགས་པ་དང་། སྐབས་དེ་དུས་དགེ་རྒན་8དང་། སློབ་ཕྲུག་108 སློབ་ཁྲིད་ཐོག་ཁང་1བཅས་ལས་མེད། ད་ཆ་སློབ་གྲྭར་དགེ་རྒན་155དང་། སློབ་ཕྲུག་2112 སློབ་ཁྲིད་ཐོག་ཁང་ཆེ་མོ་སྟར་པ་3བཅས་ཡོད་པ་མ་ཟད། དེང་རབས་ཅན་གྱི་སློབ་གསོའི་སྒྲིག་བཀོད་ཀྱང་ཆ་ཚང་འཛོམས་ཡོད་ཅེས་གསུངས་པ་རེད། 

  བཀྲ་ཤིས་ཀྱིས་རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་གི་ཡོད། དཔེར་ན། བོད་དུ་ཞིང་འབྲོག་པའི་བུ་ཕྲུག་ལ་ཟ་སྡོད་དང་སློབ་ཡོན་འགན་ལེན་གྱི་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། ད་དུང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་སོགས་ལག་ལེན་བསྟར་བཞིན་ཡོད་ཅེས་གསུངས་པ་རེད། འདི་ནི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་ཀྱིས“ཨུ་ཡོན་གྱི་བགྲོད་ལམ”ཐོག་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ། 

<