ཉིས་སྟོང་བཅུ་དགུ་ལོར་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་ནས་མཚོ་སྔོན་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་དངོས་འབེབས་བྱེད་རྒྱུ་རེད།

2019-03-18

  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཧུར་ཐག་སྒོས་བརྩོན་ལེན་བྱས་པར་བརྒྱུད། ཉེ་ལམ་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་ཉིས་སྟོང་བཅུ་དགུ་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་སྐབས་གཉིས་པ། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་བཅས་ལ་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་དགུ་གཏོང་རྒྱུ་རེད། 

  ཐེངས་འདིའི་མ་དངུལ་སྒོར་དུང་ཕྱུར་དགུ་གཏོང་བའི་འཛུགས་སྐྲུན་བྱེད་ཡུལ་གཙོ་བོ་ནི། རྩྭ་ས་བྱེ་འགྱུར་འགོག་བཅོས། ས་ནག་ཐང་བཅོས་སྐྱོང་། ནགས་འདེབས་འཛུགས། བརླན་ས་སྲུང་སྐྱོབ། ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། ཚན་རྩལ་དཔེ་སྟོན་དང་ཁྱབ་སྤེལ་བྱེད་པ། དྲིལ་སྒྲོག་དང་གསོ་སྦྱོང་སོགས་ཡིན། ཉིས་སྟོང་བཅུ་གསུམ་ལོར་ལས་གཞིའི་རྣམ་གྲངས་གཉིས་ལག་བསྟར་བྱས་པ་ནས་བཟུང་། མ་དངུལ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བཏང་བ་དང་ལས་གཞི་རྣམ་གྲངས་སོ་སོ་བདེ་ལེགས་ངང་སྤེལ། མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་ལས་ཅུའུ་སོགས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་བའི་འཆར་གཞི་དམ་འཛིན་བྱས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཐོག་མའི་ཇུས་འགོད་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་ལེགས་པར་བསྒྲུབ་པར་སྐུལ་འདེད་བཏང་། ནན་ཏན་གྱིས་ཆོག་མཆན་ལྟར་རྩ་འཛུགས་ལག་བསྟར་བྱས་པ་དང་། ལས་གཞི་ལེགས་འགྲུབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། ལས་གཞི་འཛུགས་སྐྲུན་ལས་འགན་སྣ་ཚོགས་དུས་ལྟར་སྤུས་ཚད་ཁག་ཐེག་ཡོད་པའི་སྒོ་ནས་ལེགས་འགྲུབ་བྱས། 

<