འཕྱོངས་རྒྱས་རྫོང་དུ། ཁྱིམ་ཚང་ཁྲི་སྟོང་ལ་རིག་གནས་གཤམ་སྤེལ་བྱེད་སྒོ་སྤེལ་བ།

2019-03-19
  ༄༅།།འཕྱོངས་རྒྱས་རྫོང་དུ།  ཁྱིམ་ཚང་ཁྲི་སྟོང་ལ་རིག་གནས་གཤམ་སྤེལ་བྱེད་སྒོ་སྤེལ་བ།
  བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་“3·28”ལ་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། འཕྱོངས་རྒྱས་རྫོང་གིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་རིག་རྩལ་གཤམ་སྤེལ་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་འཁྲབ་སྟོན་གྱི་རྣམ་པ་ཕུན་གསུམ་ཚོགས་པོ་ཡོད་པ་སྟེ་། འཁྲབ་ཚན་ཐུང་ངུ་དང་། དགོད་བྲོའི་གཏམ་གླེང་། ཁེར་གཞས་། ཞབས་བྲོ། ལྷ་མོ་སོགས་ཡོད་པ་དང་།   གཟིགས་མོར་ཕེབས་པའི་ས་གནས་དེ་གའི་མང་ཚོགས་ཀྱིས། འཁྲབ་ཚན་ཧ་ཅང་ལྟད་མོ་ཆེན་པོ་འདུག  རྗེས་སུ་དེ་འདྲའི་རིག་རྩལ་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། འདི་ནི་འཕྱོངས་རྒྱས་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་《ཨར་གཞས》འཁྲབ་སྟོན་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
<